མཚོ་སྔོན་ཞིང་ཆེན་གྱིས་བྱེད་ཐབས་སྣ་མང་སྤྱད་ནས་ཁོངས་ཡོངས་ཡུལ་སྐོར་དཔེ་སྟོན་ཁུལ་འཛུགས་པར་སྐུལ་འདེད་བྱེད་རྒྱུ་རེད།
2019.01.22 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 31

ཟླ་དང་པོའི་ཚེས་བཅུ་དྲུག་ཉིན།  མཚོ་སྔོན་ཞིང་ཆེན་རིག་གནས་དང་ཡུལ་སྐོར་མཉམ་བསྲེས་འཕེལ་རྒྱས་ཀྱི་གསར་འགྱུར་བཞུགས་མོལ་ཚོགས་འདུ་ཟི་ལིང་ནས་ཚོགས།  གསར་འགོད་པས་རྒྱུས་ལོན་བྱུང་བའི་གནས་ཚུལ་ལྟར་ན།  ད་ལོར་མཚོ་སྔོན་ཞིང་ཆེན་གྱིས་ཡུལ་སྐོར་ཕྱོགས་ནས་ཟི་ལིང་དངོས་མང་བཤམ་སྟོན་ཁང་ཚོགས་པ་བསྐྲུན་ནས་རྒྱལ་ཁབ་ཁོངས་ཡོངས་ཡུལ་སྐོར་དཔེ་སྟོན་ཁུལ་འཛུགས་པར་སྐུལ་འདེད་བྱེད་རྒྱུ་རེད།

མཚོ་སྔོན་ལ་ད་ལྟ་འཛམ་གླིང་རིམ་པའི་ཡུལ་སྐོར་ལྟེ་གནས་བཅུ་གཅིག་དང་རྒྱལ་ཁབ་རིམ་པའི་ཡུལ་སྐོར་ལྟེ་གནས་ང་གཉིས་ཡོད་ལ། གསར་སྤེལ་བྱེད་བཞིན་པའི་ཡུལ་སྐོར་ཐོན་ཁོངས་བཞི་བརྒྱ་ལྷག་ཡོད།  མིའི་རིགས་ཀྱི་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་ཚབ་མཚོན་དྲུག་དང་།  རྒྱལ་ཁབ་རིམ་པའི་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་ཚབ་མཚོན་དོན་གསུམ་དང་ཞིང་ཆེན་རིམ་པའི་ཚབ་མཚོན་ཉིས་བརྒྱ་ང་གསུམ་ཡོད།    རེབ་གོང་རིག་གནས་དང་མགོ་ལོག་གེ་སར་རིག་གནས།  ཡུལ་ཤུལ་བོད་ཀྱི་རིག་གནས་བཅས་རྒྱལ་ཁབ་རིམ་པའི་རིག་གནས་སྐྱེ་ཁམས་སྲུང་སྐྱོབ་ཚོད་ལྟ་ཁུལ་གསུམ་ཡོད།  རྒྱལ་ཡོངས་གཅོ་ཆེའི་རིག་དངོས་སྲུང་སྐྱོབ་ལས་ཁུངས་ཞེ་ལྔ་དང་ཞིང་ཆེན་རིམ་པའི་གཅོ་ཆེའི་རིག་དངོས་སྲུང་སྐྱོབ་ལས་ཁུངས་བཞི་བརྒྱ་བཅོ་ལྔ་ཡོད།

ད་ལོར། མཚོ་སྔོན་ཞིང་ཆེན་གྱིས་ཁོངས་ཡོངས་ཡུལ་སྐོར་ཐོན་ལས་གསར་བརྗེ་གསར་གཏོད་ཁུལ་འཛུགས་སྐྲུན་བྱེད་རྒྱུ་ཡིན་ལ།  ཞིང་ཆེན་ཡོངས་ནས་མཛེས་སྡུག་མཚོ་སྔོན་ཞེས་པའི་རིག་རྩལ་དཔུང་ཁག་བརྒྱ་འཛུགས་པ་དང་ཞིང་ཆེན་རིམ་པའི་རིག་གནས་ཐོན་ལས་དཔེ་སྟོན་གནས་གཞི་བརྒྱར་མིང་འདོགས་རྒྱུ་ཡིན་ལ།  དེ་དང་མཉམ་དུ།  གསང་སྤྱོད་གསར་བརྗེ་ལ་སྐུལ་འདེད་གཏོང་བ་དང་དབུལ་ཕོངས་ས་ཁུལ་ནས་ཡུལ་སྐོར་ལྟེ་གནས་འཛུགས་སྐྲུན་ལག་བསྟར་བྱེད་ཤུགས་མཐོར་འདེགས་གཏོང་རྒྱུ་རེད།