མཚོ་ནུབ་ཁུལ་གྱིས་ཆ་འཕྲིན་ཅན་འཕེལ་རྒྱས་ལ་བྱས་རྗེས་གསར་བ་བསྐྲུན།
2019.01.23 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 36

ཟླ་དང་པོའི་ཚེས་ཉེར་གཉིས་ཉིན།  ཀྲུང་གོའི་སྤོ་འགུལ་རྒྱས་འཕྲིན་སྡེ་ཚོགས་མཚོ་སྔོན་ཚད་ཡོད་ཀུང་སི་མཚོ་ནུབ་ཡན་ལག་ཀུང་སིའི་ཉིས་སྟོང་བཅུ་དགུ་ལོའི་བྱ་བའི་གྲོས་ཚོགས་དང་སྐབས་བཞི་བའི་ལས་བཟོ་བའི་འཐུས་མི་ཚོགས་ཆེན་ཐེངས་ལྔ་བའི་སྟེང་གསར་འགོད་པས་རྒྱུས་ལོན་བྱུང་བའི་གནས་ཚུལ་ལྟར་ན།  ཉིས་སྟོང་བཅོ་བརྒྱད་ལོར་མཚོ་ནུབ་སྤོ་འགུལ་ཡན་ལག་ཀུང་སིས་ས་གནས་དཔལ་འབྱོར་འཕེལ་རྒྱས་ལ་ནུས་པ་མངོན་གསལ་བཏོན་རྒྱུ་འགོ་རྩོམ་ས་བྱས་ནས་བྱ་བ་སོ་སོར་ལག་བསྟར་དངོས་འབེབས་བྱས་པ་དང་གྲུབ་འབྲས་མངོན་གསལ་བླངས་པ་རེད།

ཁྱབ་སྒྲོག་བྱ་འགུལ་སྣ་མང་སྤེལ་ནས་རྒྱལ་ཁབ་ཀྱི་མྱུར་ཚད་ཇེ་མགྱོགས་དང་རིན་དངུལ་ཇེ་དམའ་གཏོང་བའི་དམངས་ཕན་སྲིད་ཇུས་དངོས་འབེབས་བྱས།  ཉིས་སྟོང་བཅུ་བདུན་ནས་ཉིས་སྟོང་བཅོ་བརྒྱད་ལོར་འབྲེལ་ཡོད་སྲིད་ཇུས་ལ་ཁ་གཏད་ནས་སེམས་ཤུགས་གཅིག་སྒྲིལ་གྱིས་ཧུར་བརྩོན་འབད་འཐབ་བྱས་ཏེ་བྱ་བའི་གྲུབ་འབྲས་ཇེ་ལེགས་ཏུ་བཏང་བ་དང་བྱ་བའི་མི་འདང་སར་ཁ་གསབ་དང་དངོས་ཡོད་གནས་ཚུལ་དང་བསྟུན་ནས་ལེགས་བཅོས་བྱས་པས་འཕེལ་རྒྱས་ཀྱི་མདུན་ལྗོངས་རྒྱ་ཆེར་བསྐྲུན་པ་རེད།