ཉིས་སྟོང་བཅོ་བརྒྱད་ལོར། ཡུལ་ཤུལ་གྲོང་ཁྱེར་གྱིས་ལུས་རྩལ་ལས་དོན་ལ་དམིགས་ནས་གྲོང་ཁྱེར་ཡོངས་ནས་ནུས་པ་ཧུར་ཐག་བཏོན། འཚོལ་ཞིབ་བྱས་པ་རྒྱུད་ལུས་རྩལ་ཐོན་ལས་དང་ཚོང་རྟགས་འགྲན་སྡུར། དམངས་ཡོངས་ལུས་སྦྱོང་ལས་དོན་ཕྱོགས་ནས་གྲུབ་འབྲས་མངོན་གསལ་བླངས་པ་རེད།
ཡུལ་ཤུལ་གྲོང་ཁྱེར་གྱིས་རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་ཚོང་རྟགས་ཁྱད་ཆོས་དང་སྐྱེ་ཁམས་ཁྱད་ཆོས་ལ་བརྟེན་ནས། སྐྱེ་ཁམས་དང་རིག་གནས། ལུས་རྩལ། ཡུལ་སྐོར་བཅས་མཉམ་སྦྲེལ་དང་དེ་འཕེལ་རྒྱས་ཀྱི་ཁ་ཕྱོགས་བྱས། ཡུལ་ཤུལ་གྲོང་ཁྱེར་རིག་གནས་ལུས་རྩལ་ཡུལ་སྐོར་རླུང་འཕྲིན་གློག་བརྙན་ཅུའུ་ཡི་འགན་ཁུར་བས་བཤད་རྒྱུར། འགྲན་སྡུར་གྱི་རྣམ་པས་མང་ཚོགས་མང་པོ་ལུས་རྩལ་བྱ་འགུལ་ལ་ཞུགས་ཚད་ཇེ་མང་དུ་བཏང་་བ་དང་ལུས་རྩལ་བྱ་འགུལ་གཙོར་བཟུང་བའི་ཐོན་ལས་རིགས་ཀྱང་འཚར་ལོངས་འབྱུང་བཞིན་ཡོད་ཟེར། དེ་ལས་གཞན་ཡུལ་ཤུལ་གྲོང་ཁྱེར་གྱིས་འགྲན་སྡུར་འགན་སྒྲུབ་རྐྱེན་སྲོལ་ཧུར་ཐག་གིས་འཚོལ་ཞིབ་བྱས་ནས་དམངས་ཡོངས་ལུས་སྦྱོང་འགྲན་སྡུར་གྱི་རྣམ་པ་ཕུན་སུམ་ཇེ་ཚོགས་སུ་བཏང་ལ། ཡུལ་བབ་དང་བསྟུན་ནས་རྟ་རྒྱུགས་འགྲན་སྡུར་དང་སྐོར་བྲོའི་འགྲན་སྡུར་སོགས་འགྲན་སྡུར་མང་པོ་སྤེལ་ནས་དམངས་ཡོངས་ལུས་སྦྱོང་དང་ལུས་རྩལ་འཛད་སྤྱོད་ལ་སྐུལ་འདེད་བཏང་།