མཚོ་ནུབ་ཁུལ་གྱིས་བདེ་འཇགས་ཐོན་སྐྱེད་ཀྱི་བརྙན་འཕྲིན་ཁ་པར་ཚོགས་འདུ་བསྡུས།
2019.01.25 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 41

ཟླ་དང་པོའི་ཚེས་ཉེར་གཉིས་ཉིན། མཚོ་ནུབ་ཁུལ་གྱི་བདེ་འཇགས་ཐོན་སྐྱེད་བརྙན་འཕྲིན་ཁ་པར་ཚོགས་འདུ་གཏེར་ལེན་ཁ་ནས་ཚོགས།  ཚོགས་ཐོག་ཏུ་ཉིས་སྟོང་བཅོ་བརྒྱད་ལོའི་བདེ་འཇགས་ཐོན་སྐྱེད་བྱ་བར་སྤྱི་སྡོམ་དང་ཉིས་སྟོང་བཅུ་དགུ་ལོའི་བདེ་འཇགས་ཐོན་སྐྱེད་བྱ་བར་བཀོད་སྒྲིག་གང་ལེགས་བྱས།  

ཚོགས་འདུ་ལས་བསྟན་དོན། ཉིས་སྟོང་བཅོ་བརྒྱད་ལོར། ཁུལ་ཡོངས་ནས་ཏང་གི་ཚོགས་ཆེན་བཅུ་དགུ་བ་དང་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་ལག་བསྟར་དངོས་འབེབས་བྱས་ནས་ཚེ་སྲོག་རྩ་བ་དང་བདེ་འཇགས་འཕེལ་རྒྱས་ཀྱི་བསམ་བློ་བརྟན་པོར་བཏང་། ལྟ་སྐུལ་ཞིབ་བཤེར་དང་ལས་རིགས་ཡུལ་ཁོངས་ཆེད་དོན་བཅོས་སྒྲིག་གཏིང་ཟབ་བྱས་པ་དང་།  གསར་གཏོད་ཀྱི་ལྟ་སྐུལ་དོ་དམ་ཁྲིམས་བསྟར་བྱེད་ཐབས་སྤྱད་ནས་ཁུལ་ཡོངས་ཀྱི་བདེ་འཇགས་ཐོན་སྐྱེད་སྤྱིའི་རྣམ་པ་རྒྱུན་མཐུད་གཏན་འཇགས་ངང་འཕེལ་བར་སྐུལ་འདེད་བཏང་བ་དང་།  ཁུལ་ཡོངས་ཀྱི་དཔལ་འབྱོར་འཕེལ་རྒྱས་སུ་འགྲོ་བར་ཆ་རྐྱེན་ལེགས་པོ་ཞིག་དང་རྒྱབ་རྟེན་གལ་ཆེན་ཞིག་འདོན་སྤྲོད་བྱས།

ཚོགས་འདུ་ལས་ནན་གྱིས་བསྟན་དོན།  ས་ཕྱོགས་ཀྱི་བདེ་འཇགས་ལ་འགན་སྲུང་བྱས་ནས་ས་ཕྱོགས་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་བྱེད་པའི་ཆབ་སྲིད་འགན་ཁུར་དང་ལེན་བྱེད་རྒྱུ་དང་།  བདེ་འཇགས་ཐོན་སྐྱེད་བྱ་བའི་སྤྱི་ཡོངས་འདུ་ཤེས་ལ་ཤུགས་སྣོན་བྱེད་པ།  དུས་རབས་གསར་བ་དང་དུས་སྐབས་གསར་བའི་བདེ་འཇགས་ཐོན་སྐྱེད་བྱ་བར་ཐོག་མཐའ་བར་གསུམ་དུ་དཀའ་ངལ་ལ་མི་འཛེམ་པ་དང་འབད་འབུངས་ཧུར་བརྩོན་བྱེད་པའི་བསམ་པ་གཙིགས་འཛིན་བྱས་ནས་ཀྲུང་གོ་གསར་བ་བཙུགས་ནས་ལོ་འཁོར་བདུན་ཅུ་ལོན་པ་དང་མཚོ་སྔོན་བཅིངས་གྲོལ་བྱས་ནས་ལོ་འཁོར་བདུན་ཅུ་ལོན་པར་བྱས་རྗེས་གསར་བ་གསར་སྐྲུན་བྱེད་དགོས་ཟེར།