ཉིས་སྟོང་བཅོ་བརྒྱད་ལོར། ན་གོར་མོ་གྲོང་ཁྱེར་གྱིས་ཞིང་སྡེའི་གྲལ་དག་སྤྱོད་ཁང་ལེགས་བཅོས་རྣམ་གྲངས་ལག་བསྟར་བྱས་ནས། རིན་མེད་ངང་ཞིང་འབྲོག་མང་ཚོགས་ལ་གནོད་པ་མེད་པའི་སྤྱོད་ཁང་འཛུགས་སྐྲུན་བྱས།
ཉིས་སྟོང་བཅོ་བརྒྱད་ལོར། ན་གོར་མོ་གྲོང་ཁྱེར་ཡོངས་ནས་སྤྱོད་ཁང་བཅོས་སྒྱུར་འཛགས་སྐྲུན་གྱི་ལས་འགན་ཉིས་སྟོང་བཞི་བརྒྱ་དང་གྱ་བརྒྱད་བཀོད་སྒྲིག་བྱས་པར་ཞིང་འབྲོག་ཁུལ་ནས་ཉིས་སྟོང་བཞི་བརྒྱ་ཉེར་བདུན་དང་གྲོང་ཁྱེར་ནང་ཁུལ་ནས་རེ་གཅིག་རེད། གནོད་པ་མེད་ཅིང་གྲལ་དག་པའི་སྤྱོད་ཁང་བསྐྲུན་པ་དེས་ཞིང་ཕྱུགས་ས་ཁུལ་ལ་མངོན་གསལ་གྱི་གྲུབ་འབྲས་ཐོབ་པ་དང་བཀོལ་སྤྱོད་བདེ་འཇགས། ཁོར་ཡུག་བཙོག་སྐྱོན་ཇེ་ཉུང་དུ་བཏང་། དེ་དང་མཉམ་དུ། གནོད་པ་མེད་པའི་གྲལ་དག་སྤྱོད་ཁང་གིས་ཟིན་པའི་སའི་གཞི་ཁྱོན་ཆུང་བས་སའི་ཐོན་ཁུངས་གྲོན་ཆུང་བྱས་པ་དང་། གནས་སྤོར་བྱས་ཆོག་ལ་སྟབས་བདེ་དང་འོས་འཚམ་ཡིན།
ཉིས་སྟོང་བཅོ་བརྒྱད་ལོར། ན་གོར་མོ་གྲོང་ཁྱེར་གྱིས་ཞིང་འབྲོག་མང་ཚོགས་ཀྱི་གྲལ་དག་སྤྱོད་ཁང་ལེགས་བཅོས་ཤུགས་ཚད་ཇེ་དྲག་ཏུ་བཏང་བ་དང་། ཁྱིམ་རེར་སྒོར་སུམ་སྟོང་ལྔ་བརྒྱའི་ཚད་ཐིག་གིས་རོགས་སྐྱོར་བྱས་ལ། སྡོམ་པས་སྒོར་ས་ཡ་བརྒྱད་འབུམ་བཞི་ཁྲི་དགུས་རོགས་སྐྱོར་བྱས་པ་རེད། མིག་སྔར་རྣམ་གྲངས་ལག་བསྟར་བྱས་ཚར་ཡོད །