ཟླ་གཉིས་པའི་ཚེས་གཉིས་ཉིན་བར་དུ། མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་མཁར་གྲོང་གི་མ་མཐའི་འཚོ་བའི་འགན་སྲུང་ཚད་གཞི་བྱ་བ་ཁྱོན་ཡོངས་ནས་ལེགས་འགྲུབ་བྱུང་། མིག་སྔར། ས་གནས་སོ་སོས་ཞིང་ཆེན་དམངས་སྲིད་ཐིན་གྱི་འབྲེལ་ཡོད་བླང་བྱ་ལྟར་དུ། ཟླ་དང་པོ་དང་གཉིས་པའི་མཁར་གྲོང་གི་མ་མཐའི་འཚོ་བའི་འགན་སྲུང་མ་དངུལ་དང་དཀའ་ངལ་ཆེ་བའི་རྒན་གསོའི་མ་མཐའི་འཚོ་བའི་མ་དངུལ་ཚང་མ་ཕྱིན་ཚར་ཡོད་ཅིང་། ཁྱོན་བསྡོམས་ཁ་གསབ་རོགས་སྐྱོར་མ་དངུལ་སྒོར་དུང་ཕྱུར་གསུམ་ལྷག་བཏང་བ་དང་། དེས་མཁར་གྲོང་གི་དཀའ་ངལ་ཆེ་བའི་མང་ཚོགས་འབུམ་གསུམ་དང་ཁྲི་བདུན་སྟོང་ལྔ་ལྔ་བརྒྱར་ཕན་ཁེ་བསྐྲུན།
ད་ལོ་ནས་བཟུང་། མཚོ་སྔོན་མཁར་གྲོང་གི་མ་མཐའི་འཚོ་བའི་འགན་སྲུང་ལོངས་སུ་སྤྱོད་མཁན་གྱི་རོགས་སྐྱོར་མ་དངུལ་ཟླ་རེར་ཆ་སྙོམས་སྒོར་བརྒྱད་བཅུའི་ཇེ་མཐོར་ཕྱིན་ཡོད་ཅིང་། མ་མཐའི་འཚོ་བའི་འགན་སྲུང་གི་ཚད་ཐིག་ཟླ་རེར་སྒོར་ལྔ་བརྒྱ་བརྒྱད་ཅུར་སླེབས། ཞིང་སྡེའི་མ་མཐའི་འཚོ་བའི་འགན་སྲུང་ལོངས་སུ་སྤྱོད་མཁན་གྱི་ཁ་གསབ་རོགས་སྐྱོར་མ་དངུལ་ལོ་རེར་ཆ་སྙོམས་སྒོར་དྲུག་བརྒྱར་འཕར་ཡོད་ཅིང་། ལོ་རེར་མ་མཐའི་འཚོ་བའི་འགན་སྲུང་མ་དངུལ་སྒོར་སྟོང་བཞི་དང་སུམ་བརྒྱར་སླེབས། དམིགས་བསལ་དཀའ་ངལ་ཆེ་བའི་རྒན་གསོའི་མ་དངུལ་མི་རེར་ཟླ་རེར་ཆ་སྙོམས་སྒོར་བརྒྱ་དང་ཉི་ཤུའི་ཇེ་མཐོར་ཕྱིན་ཡོད་ལ། རྒན་གསོའི་ཚད་གཞི་ཟླ་རེར་སྒོར་བརྒྱད་བརྒྱ་བདུན་ཅུར་སླེབས།