ཉེ་ལམ། གསར་འགོད་པས་ཞིང་ཆེན་ནགས་ལས་ཅུའུ་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཉིས་སྟོང་བཅོ་བརྒྱད་ལོར། ཞིང་ཆེན་ཡོངས་ཀྱི་ས་གནས་སོ་སོས་སྔོན་འགོག་གཙོ་གནད་དུ་འཛིན་པ་དང་ཚན་རིག་གི་ལམ་ནས་བཅོས་སྐྱོང་བྱེད་པ། ཁྲིམས་ལྟར་ལྟ་སྐུལ་དོ་དམ་བྱེད་པ། འོས་འགན་ཇེ་དྲག་ཏུ་གཏོང་བ་བཅས་ཀྱི་ཐབས་ཇུས་དངོས་འབེབས་ནན་མོ་བྱས་ནས། ཁྱོན་ཡོངས་ནས་ནགས་ལས་ལ་གནོད་པའི་སྐྱེ་དངོས་ཚོད་འཛིན་སྔོན་འགོག་གི་དམིགས་འབེན་འགན་འཁྲི་ལག་ལེན་མཐར་ཕྱིན་བྱས་ཏེ། དེ་བསྟུན་གྱི་གྲུབ་འབྲས་མངོན་གསལ་བླངས་ཡོད། འདས་པའི་ལོ་གཅིག་གི་རིང་ལ། ནགས་ལས་ལ་གནོད་པའི་སྐྱེ་དངོས་སྔོན་འགོག་ཚོད་འཛིན་བྱས་པའི་རྒྱ་ཁྱོན་ལ་སྤྱི་ཆིང་འབུམ་གཉིས་ཁྲི་གཉིས་ལྷག་ལ་སླེབས་ཡོད་ཅིང་། དེས་ལོ་ཧྲིལ་བོའི་སྔོན་འགོག་བཅོས་སྐྱོང་གི་འོས་འགན་ལས་བརྒྱ་ཆའི་བརྒྱ་དང་གྲངས་ཆུང་བཅུ་ལྷག་ཟིན་ཡོད།