རྨ་སྟོད་རྫོང་གིས་བྱིས་པ་སློབ་གྲྭར་འགྲོ་མཚམས་མི་ཆད་པ་བྱས་ནས་སློབ་གྲྭར་ཞུགས་ཚད་ལ་འགན་སྲུང་བྱེད་པར་མི་རེར་ཡིག་ཚགས་བཟོ་བའི་ལས་སྒོ་ཡོངས་འགྲུབ་བྱས།
2019.02.07 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 83

ཉེ་ལམ། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་སྟོད་རྫོང་གིས་བྱིས་པ་སློབ་གྲྭར་འགྲོ་མཚམས་མི་ཆད་པ་བྱས་ནས། སློབ་གྲྭར་ཞུགས་ཚད་ལ་འགན་སྲུང་བྱེད་པའི་གཞི་འཛིན་གྲངས་ཀར་དཔྱད་ཞིབ་ནན་མོ་བྱས་ཏེ། ཞིབ་ཚགས་ཅན་གྱི་རྩིས་ཁྲ་བཟོས་ནས། གྲངས་འབོར་གསལ་ཞིང་མི་གྲངས་ཚད་གཞིར་ལོངས་པ། ཁ་ཕྱོགས་གསལ་བ་སོགས་ཀྱི་བྱ་བར་བཀོད་སྒྲིག་ཞིབ་ཚགས་བྱས། ཟླ་དང་པོའི་ཚེས་ཉེར་གཉིས་ཉིན་ནས་བཟུང་། བྱིས་པ་སློབ་གྲྭར་འགྲོ་མཚམས་མི་ཆད་པ་བྱས་ཏེ་སློབ་གྲྭར་ཞུགས་ཚད་ལ་འགན་སྲུང་བྱེད་པར། མི་རེར་ཡིག་ཚགས་བཟོ་བའི་ལས་སྒོ་ཡོངས་འགྲུབ་བྱས། 

རྒྱུས་ལོན་བྱུང་བ་ལྟར་ན། རྨ་སྟོད་རྫོང་གི་ཞང་དང་གྲོང་རྡལ་སོ་སོ་ནས་སློབ་ཤོར་བྱིས་པར་ཞིབ་བཤེར་བྱེད་པ་དང་ཕྱིར་སློབ་གྲྭར་འཇུག་པའི་བྱ་བའི་འགོ་ཁྲིད་ཚན་ཆུང་བཙུགས་ཏེ། སློབ་གྲྭར་འགྲོ་མཚམས་མི་ཆད་པ་བྱས་ཏེ། སློབ་ཞུགས་ལ་འགན་སྲུང་བྱེད་པའི་དམིགས་འབེན་ཡི་གེར་མིང་རྟགས་འགོད་པ་དང་། སློབ་གྲྭར་འགན་སྲུང་བྱེད་པ་དང་། ཞང་དང་གྲོང་རྡལ་ནས་སློབ་ཤོར་གནས་ཚུལ་ལ་ཞིབ་བཤེར་རྩད་གཅོད་བྱེད་པ། སྡེ་ཁག་དག་གཙང་ཡོང་བར་བྱེད་པ་བཅས་ཀྱི་མཉམ་སྒུལ་ཚོད་འཛིན་འགན་སྲུང་ལམ་ལུགས་བཙུགས་ནས། སློབ་གྲྭར་ཞུགས་ཚད་ལ་འགན་སྲུང་བྱེད་པའི་ལམ་ལུགས་སྔར་ལས་འཐུས་ཚང་དུ་བཏང་།