རྨ་འབྲི་རྫ་གསུམ་འབྱུང་ཡུལ་སྐྱེ་ཁམས་སྲུང་སྐྱོབ་ཐེབས་རྩ་ཚོགས་པས་སྤྱི་ཚོགས་ཀྱི་ལས་རིགས་ཚང་མ་སྲུང་སྐྱོབ་བྱ་བའི་ཁྲོད་ཞུགས་པར་སྐུལ་འདེད་བཏང་།
2019.02.07 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 27

ཉེ་ལམ། གསར་འགོད་པས་རྨ་འབྲི་རྫ་གསུམ་འབྱུང་ཡུལ་སྐྱེ་ཁམས་སྲུང་སྐྱོབ་ཐེབས་རྩ་ཚོགས་པའི་སྐབས་གཉིས་པའི་ལས་འཛིན་ལྷན་ཚོགས་ཐེངས་གཉིས་པའི་སྟེང་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཉིས་སྟོང་བཅོ་བརྒྱད་ལོར། རྨ་འབྲི་རྫ་གསུམ་འབྱུང་ཡུལ་སྐྱེ་ཁམས་སྲུང་སྐྱོབ་ཐེབས་རྩ་ཚོགས་པས་མ་དངུལ་བསྡུ་ལེན་དང་དངོས་པོའི་རིན་གོང་མར་བཅག་པའི་རིན་འབབ་སྒོར་ས་ཡ་ལྔ་དང་འབུམ་གཉིས་ཁྲི་ལྔ་ལྷག་ལ་སླེབས་པ་དང་། སྤྱི་ཚོགས་ཀྱི་ལས་རིགས་ཚང་མ་རྨ་འབྲི་རྫ་གསུམ་འབྱུང་ཡུལ་སྐྱེ་ཁམས་སྲུང་སྐྱོབ་དང་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་ཐད་ཟབ་ཞུགས་གནང་བར་སྐུལ་འདེད་བཏང་ནས་ནུས་པ་མི་དམན་པ་བཏོན་པར་མ་ཟད། དེ་བསྟུན་གྱི་གྲུབ་འབྲས་མངོན་གསལ་བླངས་ཡོད། 

འདས་པའི་ལོ་གཅིག་གི་ནང་དུ། རྨ་འབྲི་རྫ་གསུམ་འབྱུང་ཡུལ་སྐྱེ་ཁམས་སྲུང་སྐྱོབ་ཐེབས་རྩ་ཚོགས་པས་མ་དངུལ་བསྡུ་བ་དང་དྲ་རྒྱ་ཅན་གྱི་ཆ་འཕྲིན་སྦྲེལ་མཐུད་སྟེགས་བུ་བསྐྲུན་ནས། ཁ་པར་གྱི་ལམ་ནས་སྤྱི་ཕན་ཞབས་འདེབས་འབུལ་སའི་བརྒྱུད་ལམ་བཟོས། ཐེབས་རྩ་ཚོགས་པས་མཚོ་སྔོན་མི་རིགས་སློབ་ཆེན་དང་རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུའུ་སོགས་དང་མཉམ་འབྲེལ་སྒོས་དགེ་ལས་མངགས་བཅོལ་འཆར་འགོད་བཟོས་ནས། ཐོག་མའི་སྐབས་སུ་མ་དངུལ་སྒོར་འབུམ་ལྔ་བསྡུས་ཤིང་། དེ་ནི་མཚོ་སྔོན་གྱི་ཆེས་ཐོག་མའི་དགེ་ལས་ཡིད་རྟོན་མངགས་བཅོལ་ཐོན་རྫས་སུ་གྱུར།