ཡུལ་ཤུལ་གྱིས་རོང་འབྲོག་ཏང་ཡོན་ལ་དོ་དམ་ལེགས་པོ་བྱེད་རྒྱུ་རེད།
2019.02.08 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 34

ཉིས་སྟོང་བཅོ་བརྒྱད་ལོ་ནས་བཟུང་། ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་ཡུལ་ཤུལ་གྲོང་ཁྱེར་གྱིས་རོང་འབྲོག་ཏང་ཡོན་ལ་སློབ་གསོ་གཏོང་རྒྱུ་དང་དོ་དམ་བྱེད་རྒྱུ་ནི་གཞི་རིམ་རྩ་འཛུགས་ལ་ཤུགས་སྣོན་པའི་བརྒྱུད་ལམ་གལ་ཆེན་ཏུ་བརྩིས་ཏེ། ཏང་ཡོན་རོང་འབྲོག་མི་དམངས་ཀྱི་ཉིན་རྒྱུན་འཚོ་བར་དོ་དམ་དང་། ཏང་ཡོན་ལ་སློབ་གསོ་གཏོང་བ་དང་དོ་དམ་བྱེད་པའི་རྣམ་པ་གསར་བ་བཏོད་དེ། ཕན་འབྲས་ལྡན་པའི་བྱེད་ཐབས་སྤྱད་པར་མ་ཟད། ཏང་ཡོན་གྱི་འཕེལ་རྒྱས་དང་སློབ་གསོ། དོ་དམ་བཅས་གཞི་གཅིག་ཏུ་སྦྲེལ་བའི་རྣམ་པ་འཐུས་ཚང་ཞིག་བཙུགས་ཏེ། ཏང་ཀྲི་པུའུ་ཡི་བྱ་བ་དམ་པོར་འཛིན་པ་དང་ཏང་ཀྲི་པུའུ་ཡི་བྱ་བ་གསོན་ཉམས་ཅན་དུ་གཏོང་བ། ཏང་ཀྲི་པུའུ་ཡི་བྱ་བར་ཤུགས་སྣོན་པ་བཅས་ཀྱི་བྱ་བར་ཕན་འབྲས་ངེས་ཅན་བླངས།