ཉིས་སྟོང་བཅུ་དགུ་ལོར། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱིས་མུ་མཐུད་དུ་མི་དམངས་མང་ཚོགས་ལ་དོན་དངོས་བསྒྲུབ་པ་དང་དོན་བཟང་བསྒྲུབ་རྒྱུ་ནི། སྲིད་གཞུང་བྱ་བའི་རྐང་འཛུགས་སར་བརྩིས་ཏེ། ཀྲུང་དབྱང་དང་ཞིང་ཆེན་གྱི་དམངས་ཕན་སྲིད་ཇུས་ཅི་ཡོད་དངོས་འབེབས་མཐར་ཕྱིན་བྱས་པའི་རྨང་གཞིའི་སྟེང་དུ། དམངས་ཚིས་དོན་དངོས་བཅུ་བསྒྲུབ་པར་སྟོབས་ཤུགས་གཅིག་བསྡུས་བྱེད་རྒྱུ་རེད།
དམངས་ཚིས་དོན་དངོས་བཅུ་ནི། བྱིས་གཉོར་ཁང་དགུ་གསར་འཛུགས་བྱེད་རྒྱུ་དང་། གཞིས་ཁུལ་རྙིང་བ་དང་ཁང་རྙིང་། ཉེན་ཁང་སྟོང་གཉིས་དང་སུམ་བརྒྱ་ལ་ཕྱོགས་བསྡུས་ལེགས་བཅོས་བྱེད་རྒྱུ། ཞང་དང་གྲོང་རྡལ་གྱི་འགྲིམ་འགྲུལ་སྐྱེལ་འདྲེན་ས་ཚིགས་གསར་འཛུགས་བྱེད་རྒྱུ། མཁར་གྲོང་གི་གཞུང་ལམ་ཇེ་མང་དུ་གཏོང་རྒྱུ། སྲིད་འཛིན་སྡེ་བའི་ནང་དུ་འགྲུལ་སྐྱེལ་རླངས་འཁོར་ཤར་གཏོང་བྱེད་ཐུབ་པ་གཞི་རྩའི་ཆ་ནས་མངོན་དུ་འགྱུར་བར་བྱེད་རྒྱུ། མི་ཁྲི་བཞི་དང་སྟོང་གཉིས་ལྷག་གི་འཐུང་ཆུའི་བདེ་འཇགས་ལ་ཤུགས་སྣོན་པ། སྔར་ལས་ལྷག་པའི་སྒོ་ནས་ཆུ་དཀོན་པ་དང་འཐུང་ཆུ་བདེ་འཇགས་མིན་པའི་གནད་དོན་ཐག་གཅོད་པ། རོང་འབྲོག་ས་ཁུལ་གྱི་བུད་མེད་ཚོའི་འགོས་ནད་ལ་བརྟག་དཔྱད་བྱེད་པ། གློག་དྲའི་ལས་གཞི་གྱ་གསུམ་བསྐྲུན་ནས་གློག་མེད་པའི་གནད་དོན་ཐག་གཅོད་པ། སྲིད་འཛིན་སྡེ་བ་དང་རང་བྱུང་སྡེ་བ་ཆེན་པོའི་ནང་དུ་དྲ་རྒྱ་ལེགས་པོས་ཁེབས་པར་བྱེད་པ། སྤྱོད་ཁང་གསར་བརྗེ་ཡི་འཆར་འགོད་མུ་མཐུད་དུ་ལག་བསྟར་བྱས་ནས། སྤྱོད་ཁང་སྟོང་བརྒྱད་དང་དྲུག་བརྒྱ་བཅུ་དྲུག་བསྐྲུན་རྒྱུ། ཞིང་སྡེའི་ནང་དུ་སྤྱི་ལེ་བཞི་བརྒྱུའི་རིང་ཐུང་ཡོད་པའི་གཞུང་ལམ་བསྐྲུན་རྒྱུ་སོགས་ཡིན། གོང་གསལ་དམངས་ཚིས་དོན་དངོས་བཅུ་ཡིས་སློབ་གསོ་དང་སྨན་བཅོས། འགྲིམ་འགྲུལ། རྨང་གཞིའི་སྒྲིག་ཆས་སོགས་ཆ་ཡོངས་ཁེབས་ཡོད་པར་མ་ཟད། མི་དམངས་མང་ཚོགས་ཀྱི་འདོད་བློ་དང་མཐུན་པོ་ཡོང་བར་སྒོ་ཀུན་ནས་འབད་འབུངས་བྱེད་རྒྱུ་རེད།