རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུའུ་དང་འཛུགས་སྐྲུན་དངུལ་ཁང་མཚོ་སྔོན་ཡན་ལག་དངུལ་ཁང་གིས་འཐབ་ཇུས་མཉམ་ལས་སྟེང་གྲོས་མཐུན་བཀོད།
2019.02.10 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 18

ཉེ་ལམ། རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུའུ་དང་ཀྲུང་གོ་འཛུགས་སྐྲུན་དངུལ་ཁང་མཚོ་སྔོན་ཞིང་ཆེན་ཡན་ལག་དངུལ་ཁང་གིས་འཐབ་ཇུས་མཉམ་ལས་སྟེང་གྲོས་མཐུན་བཀོད་དེ། ཕྱོགས་གཉིས་ཀྱི་མཉམ་ལས་བྱ་བ་སྔར་ལས་གཏིང་ཟབ་དུ་བཏང་བར་མ་ཟད། རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་ལས་རིམ་ཁག་སོ་སོའི་བྱ་བ་ཡར་ལྡན་དུ་སྤེལ་བའི་ཐད་ནས་ལྟ་ཚུལ་གཅིག་མཐུན་བྱུང་། 

ཕན་ཚུན་ཕྱོགས་གཉིས་ཀས་ཐེངས་འདིའི་གོ་སྐབས་སྤྱད་དེ། ཞིང་ཆེན་ཡོངས་ཀྱི་ལྗང་མདོག་དངུལ་རྩ་འཕེལ་རྒྱས་ཀྱི་ད་ཡོད་གནས་ཚུལ་དང་གཞི་གཅིག་ཏུ་སྦྲེལ་ནས། སྔར་ལས་ལྷག་པའི་སྒོ་ནས་མཉམ་ལས་བྱ་བ་གཏིང་ཟབ་དུ་སྤེལ་རྒྱུ་དང་། མཉམ་ལས་ཀྱི་སྒུལ་ཤུགས་གསར་བ་སྔོག་འདོན་བྱས་ཏེ། སྲོལ་རྒྱུན་དགེ་མཚན་ཁྱབ་ཁོངས་ཀྱི་མཉམ་ལས་བྱ་བ་གཏིང་ཟབ་དུ་སྤེལ་ནས། འདུ་ཤེས་གསར་བ་དང་བསམ་ཕྱོགས་གསར་བ། བྱེད་ཐབས་གསར་བ་བཅས་བཀོལ་ནས། རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་ལ་སྒུལ་ནུས་གསར་བ་བསྩོལ་རྒྱུ་རེད།