རླབས་ཆེ་བའི་བཅོས་བསྒྱུར་ཏེ་བཅོས་བསྒྱུར་སྒོ་འབྱེད་བྱས་ནས་ལོ་ངོ་བཞི་བཅུ་འགོར་བར་དགའ་སྟོན་རྟེན་འབྲེལ་ཞུ་བའི་འགྲེམ་སྟོན་ཆེན་མོའི་ལུགས་རྙིང་ལོ་སར་སྐབས་ཀྱི་ཉིན་ལྔའི་ལྟད་མོ་བའི་མི་ཐེངས་འབུམ་གསུམ་ལས་བརྒལ།
2019.02.10 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 89

རླབས་ཆེ་བའི་བཅོས་བསྒྱུར་ཏེ་བཅོས་བསྒྱུར་སྒོ་འབྱེད་བྱས་ནས་ལོ་ངོ་བཞི་བཅུ་འགོར་བར་དགའ་སྟོན་རྟེན་འབྲེལ་ཞུ་བའི་འགྲེམ་སྟོན་ཆེན་མོའི་ལུགས་རྙིང་ལོ་སར་སྐབས་ཀྱི་ཉིན་རེའི་ཆ་སྙོམས་ཀྱི་ལྟད་མོ་བའི་མི་གྲངས་ཁྲི་དྲུག་ལས་བརྒལ་ཡོད་པ་དང་། ཚེས་གཅིག་ཉིན་ནས་ཚེས་ལྔའི་ཉིན་བར། ཉིན་ལྔའི་རིང་ཡུལ་དངོས་ཀྱི་ལྟད་མོ་བའི་ཁ་གྲངས་མི་ཐེངས་འབུམ་གསུམ་ལས་བརྒལ་ཏེ། རྒྱལ་ཁབ་རྟེན་མཛོད་ཁང་གི་ལྟ་སྐོར་ཟིན་ཐོ་གསར་བ་བསྐྲུན་ཡོད།
ལྟད་མོ་བ་མང་བོ་ནི་ཁྱིམ་གཅིག་གི་རྒན་དར་གཞོན་གསུམ་ཚང་མ་མཉམ་དུ་འགྲེམ་སྟོན་ལ་བལྟ་རུ་ཡོང་བ་ཡིན་ལ། ཚང་མས་གནས་འདིར་ལོ་རྒྱུས་ཀྱི་འགྱུར་ལྡོག་དང་རྒྱལ་ཁབ་ཀྱི་བརྩེ་བ་ཉམས་སུ་མྱོང་བཞིན་ཡོད།
ཞིན་ཅང་ཝུའུ་ལུའུ་མུའུ་ཆི་ནས་ཡིན་པའི་རིན་ཆི་ཡིས་ཆེད་དུ་ལུགས་རྙིང་ལོ་སར་སྐབས་ཀྱི་དུས་ཚོད་བེད་སྤྱད་དེ་པེ་ཅིང་དུ་འགྲེམ་སྟོན་ལ་བལྟ་རུ་ཡོང་བ་རེད།
རྒྱ་ལོའི་ཚེས་ལྔའི་ཉིན་བར། འགྲེམ་སྟོན་ཡུལ་དངོས་ཀྱི་ལྟད་མོ་བའི་སྤྱི་གྲངས་མི་ཐེངས་ས་ཡ་གསུམ་དང་འབུམ་བཞི་ལས་བརྒལ་ཡོད། དྲ་ངོས་ཀྱི་འགྲེམ་སྟོན་ཁང་གི་རྡེབ་ཚད་དུང་ཕྱུར་གསུམ་དང་བྱེ་བ་བདུན་ས་ཡ་བདུན་ལ་བསླེབ་ཡོད་པ་དང་། ཡུལ་དངོས་ལྟད་མོ་བས་བྲིས་པའི་བསམ་ཚོར་ཡིག་འབྲུ་ས་ཡ་གཉིས་དང་འབུམ་བརྒྱད་ཁྲི་གཉིས་སྟོང་བཞི་ཉིས་བརྒྱར་བསླེབ་ཡོད་པ་རེད།