བོད་ལྗོངས་ཀྱི་དབུལ་ཕོངས་རྫོང་ཉེར་ལྔས་དབུལ་ཕོངས་ཀྱི་ཞྭ་མོ་ཕུད།
2019.02.13 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 39

ཉིས་སྟོང་བཅུ་དགུ་ལོར། དབུལ་ཐར་མཁྲེགས་གཏོར་ཆེད་གནད་འགག་གི་དུས་རིམ་དུ་སླེབས་ཡོད། རང་རྒྱལ་གྱི་ཧ་ཅང་དབུལ་ཕོངས་ཡིན་པའི་ཞིང་ལྗོངས་ཁོ་ན་ཡིན་པའི་ཆ་ནས། བོད་རང་སྐྱོང་ལྗོངས་ཀྱིས་ན་ནིང་གི་རྗེས་སུ། ཡང་བསྐྱར་དབུལ་ཕོངས་རྫོང་ཉེར་ལྔའི་དབུལ་ཕོངས་ཀྱི་ཞྭ་མོ་ཕུད་པ་ཁྱབ་བསྒྲགས་བྱས།

མིག་སྔའི་བར་དུ། བོད་ལྗོངས་ཀྱིས་བསྡོམས་པས་མ་དངུལ་སྒོར་ཐེར་ཆེན་གཅིག་དང་ཐེར་འབུམ་ལྔ་བཏང་ནས། དབུལ་ཕོངས་མི་གྲངས་འབུམ་གཉིས་ལྷག་ལ་ཡུལ་གཞན་གནས་སྤོར་བརྒྱུད་ནས་འཚོ་བ་གསར་པ་རོལ་ཏུ་བཅུག ཐོན་ཁུངས་དང་ཐོན་ལས་རྨང་གཞི་ཅུང་བཟང་བའི་ས་ཁུལ་ནས། ཐོན་ལས་འཕེལ་རྒྱས་ལ་བརྟེན་ནས་དབུལ་ཕོངས་མང་ཚོགས་དབུལ་ཕོངས་ལས་ཐར་བར་རོགས་རམ་བྱས།

གཞིས་ཀ་རྩེ་གྲོང་ཁྱེར་གྱིས་རྨང་གཞི་བཟང་བའི་ཁྱད་ཆོས་ཅན་གྱི་ཐོན་ལས་བདམས་ནས། དབུལ་སྐྱོར་མ་དངུལ་གཏོང་བ་དང་གཟིགས་སྐྱོང་དངུལ་བུན་བསྐྱི་བ་སོགས་ཀྱི་སྲིད་ཇུས་སྤྱད་དེ་ཁེ་ལས་ཀྱི་ལས་ཞུགས་པ་སྔར་ལས་ཇེ་མང་དུ་གཏོང་བར་སྐུལ་མ་བྱས།

མིག་སྔའི་བར་བོད་ལྗོངས་ཀྱིས་བསྡོམས་པས་ཐོན་ལས་དབུལ་སྐྱོར་རྣམ་གྲངས་སྟོང་གཉིས་དང་བརྒྱ་ལྷག་ལག་བསྟར་བྱས་ཏེ། མི་འབུམ་གཅིག་དང་ཁྲི་དགུ་སྟོང་དྲུག་དབུལ་ཕོངས་ལས་ཐར་བར་རོགས་རམ་བྱས།