གསར་འགོད་པས་མཚོ་སྔོན་ཞིང་ཆེན་གཞུང་ལམ་ལྟ་ཞིབ་དང་རོགས་སྐྱོར་བཀོད་འདོམས་ལྟེ་གནས་ནས་རྒྱུས་ལོན་བྱུང་བ་ལྟར་ན། མགོ་ལོག་དང་ཡུལ་ཤུལ་ལ་བགྲོད་པའི་ལམ་བར་དུ་ད་དུང་ཁངས་ཞུ་མེད་ལ་འགྲིམ་འགྲུལ་ལ་ཉེན་ཁ་ངེས་ཅན་ཡོད་པས། མྱུར་བགྲོད་ལམ་བཀག་སྟེ་ཟི་ལིང་ནས་ཡུལ་ཤུལ་ལ་བསྐྱོད་པའི་འགྲུལ་སྐྱེལ་རླངས་འཁོར་གཏོང་མཚམས་བཞག
མིག་སྔར་མཚོ་སྔོན་ཞིང་ཆེན་གཞུང་ལམ་ཅུའུ་ཡིས་རྫ་སྟོད་རྫོང་དང་ཆུ་དམར་ལེབ་རྫོང་། ཁྲི་འདུ་རྫོང་བཅས་ཀྱི་གཙོ་ཐིག་གཞུང་ལམ་གྱི་བདེ་བགྲོད་ལ་ཁག་ཐེག་དང་ཡུལ་ཤུལ་ས་ཁུལ་གྱི་གཞུང་ལམ་ལྟ་རྟོག་མཁན་དང་རླངས་འཁོར་ཁ་ལོ་བ་དག་གིས་སེམས་ཤུགས་ཡོད་དགུ་བཏོན་ནས་གཞུང་ལམ་ཁག་ཐེག་གི་ལས་ཀ་སྒྲུབ་བཞིན་ཡོད། ཡུལ་ཤུལ་ས་ཁུལ་གྱི་གཞུང་ལམ་དཀྱུས་མ་གེགས་མེད་བྱས་ལ་རླངས་འཁོར་ཁེག་པ་སོགས་ཀྱི་དོན་རྐྱེན་ཚབས་ཆེན་གཅིག་ཀྱང་བྱུང་མེད།