པཎ་ཆེན་སྐུ་ཕྲེང་བཅུ་བ་མཆོག་དགོངས་པ་ཆོས་དབྱིངས་སུ་འཐིམས་ནས་བགྲང་བྱ་སུམ་ཅུ་ལོན་པར་རྗེས་དྲན་ཞུ་བའི་རིག་རྩལ་སྤྲོ་ཚོགས་ཞོན་ཧྭ་རྫོང་དུ་བསྡུས།
2019.02.13 ཁུངས། ཀློག་གྲངས། 2711


སྤྱི་ཟླ་གཉིས་པའི་ཚེས་བཅུ་གཉིས་ཉིན། ཕྱོགས་ཡོངས་ནས་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་བའི་དགོངས་དོན་ལག་ལེན་དོན་འཁྱོལ་བྱེད་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བ་དང་ཀྲུང་ཧྭ་མི་རིགས་ཀྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་དར་སྤེལ། བཅོས་བསྒྱུར་སྒོ་འབྱེད་བྱས་ནས་ལོ་འཁོར40ལོན་པར་བསྟོད་གླུ་འབུལ་བ། པཎ་ཆེན་སྐུ་ཕྲེང་བཅུ་བ་མཆོག་གི“དགའ་བ་བཞིའི”བསམ་བློའི་དགོངས་དོན་རྒྱུན་འཛིན་དང་དར་སྤེལ་བྱེད་པ་བཅས་ཀྱི་ཆེད་དུ། ཀྲུང་གུང་མཚོ་ཤར་གྲོང་ཁྱེར་ཏང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་དང་ཞོན་ཧྭ་རྫོང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་གཉིས་ཀྱིས་གཙོ་སྒྲུབ་བྱས་ཤིང་། ཞོན་ཧྭ་རྫོང་བིས་མདོ་བོད་རིགས་ཞང་མི་དམངས་སྲིད་གཞུང་གིས་འགན་སྒྲུབ་བྱས་པའི་“པཎ་ཆེན་སྐུ་ཕྲེང་བཅུ་བ་མཆོག་དགོངས་པ་ཆོས་དབྱིངས་སུ་འཐིམས་ནས་བགྲང་བྱ་སུམ་ཅུ་ལོན་པར་རྗེས་དྲན་ཞུ་བའི”རིག་རྩལ་སྤྲོ་ཚོགས་དང་བིས་མདོ་བོད་རིགས་ཞང་གི“མཐུན་སྒྲིལ་རྟགས་མའི”ལྒང་ལི་འགྲན་སྡུར་སྐབས་བཅུ་དགུ་བའི་མགོ་རྩོམ་མཛད་སྒོ་ཞོན་ཧྭ་རྫོང་བིས་མདོ་ཞང་དུ་བསྡུས། མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་རིན་ཆེན་རྣམ་རྒྱལ་སོགས་ཞིང་ཆེན་དང་ས་གནས་ཀྱི་འབྲེལ་ཡོད་འགོ་ཁྲིད་མང་པོ་མགོ་རྩོམ་མཛད་སྒོའི་སྟེང་ཞུགས།

དེ་མིན་མགོ་རྩོམ་མཛད་སྒོའི་སྟེང་བོད་ཀྱི་གཞས་པ་གྲགས་ཅན་ཡ་ཏུང་དང་ལུ་གུ་རྒྱལ། སྒྲོལ་མ་སྐྱབས་སོགས་གཞས་པ་གཞས་མ་མང་པོ་ཞུགས་ཏེ། པཎ་ཆེན་སྐུ་ཕྲེང་བཅུ་བ་མཆོག་ལ་རྗེས་དྲན་དང་འཚོ་བ་གསར་བར་བསྟོད་བསྔགས་བྱེད་པའི་གླུ་གཞས་གཅིག་རྗེས་གཉིས་མཐུད་དུ་བླངས་པས་མཛད་སྒོ་ལ་དགའ་སྤྲོའི་ཡོ་ལང་རྣམ་པར་རྒྱས་པ་དང་། པཎ་ཆེན་མཆོག་གིས་མེས་རྒྱལ་གཅིག་གྱུར་ལ་སྲུང་སྐྱོབ་དང་མི་རིགས་མཐུན་སྒྲིལ་ལ་གཞན་ལས་ལྷག་པའི་བྱས་རྗེས་རླབས་ཆེན་བཞག་ཡོད་པ་ཡུལ་དངོས་ཀྱི་ལྟད་མོ་བ་ཀུན་ལ་ཤེས་སུ་བཅུག

པཎ་ཆེན་སྐུ་ཕྲེང་བཅུ་བ་མཆོག་ནི་རླབས་ཆེ་བའི་རྒྱལ་གཅེས་རིང་ལུགས་པ་དང་ཀྲུང་གོ་གུང་ཁྲན་ཏང་གི་བློས་ཐུབ་ཀྱི་གྲོགས་པོ། མིང་དུ་གྲགས་པའི་རྒྱལ་དོན་མཛད་མཁན། བོད་བརྒྱུད་ནང་བསྟན་གྱི་རླབས་ཆེ་བའི་གཙོ་འཛིན་ཞིག་ཡིན།1989ལོར་པཎ་ཆེན་མཆོག་དགོངས་པ་ཆོས་དབྱིངས་སུ་འཐིམས་པའི་བར་སྐབས་སུ། རྒྱལ་ཡོངས་དམངས་ཆེན་གྱི་ཨུ་ཡོན་ཀྲང་གཞོན་པའི་འགན་ཁུར་ཡོད་པའི་བློ་མཐུན་ཞི་ཀྲུང་ཞིན་ལགས་ཀྱིས་པཎ་ཆེན་མཆོག་ལ “དུས་རབས་ཤིག་གི་རླབས་ཆེ་བའི་སྐྱེས་བོ་པཎ་ཆེན་སྐུ་ཕྲེང་བཅུ་བ་མཆོག”ཅེས་གདེང་འཇོག་བྱས་པ་དང་། སྐབས་དེར་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གི་འགན་ཁུར་ཡོད་པའི་བློ་མཐུན་ཝན་ལི་ལགས་ཀྱིས་ཀྱང་མྱ་ངན་ཞུ་ཚིག་གི་ནང་དུ“རླབས་ཆེ་བའི་རྒྱལ་གཅེས་རིང་ལུགས་པ་དང་ཀྲུང་གོ་གུང་ཁྲན་ཏང་གི་བློས་ཐུབ་ཀྱི་གྲོགས་པོ། མིང་དུ་གྲགས་པའི་རྒྱལ་དོན་མཛད་མཁན། བོད་བརྒྱུད་ནང་བསྟན་གྱི་རླབས་ཆེ་བའི་གཙོ་འཛིན”ཞེས་གདེང་འཇོག་ཆེན་པོ་བྱས། པཎ་ཆེན་སྐུ་ཕྲེང་བཅུ་བ་མཆོག་གིས་སྐུ་ཚེ་ཧྲིལ་བོར་བོད་ཁུལ་གྱི་འཕེལ་རྒྱས་དང་རིགས་སོ་སོའི་མི་དམངས་ཀྱི་མཐུན་སྒྲིལ་གྱི་ལས་དོན་ལ་འབད་འབུངས་གནང་ཡོད་པས། ཁོང་གིས་ང་ཚོ་ལ་གནང་བ་ནི་བསམ་བློའི་རྒྱགས་ཕྱེ་ཁོ་ན་མིན་པར་མི་རིགས་མཐུན་སྒྲིལ་གྱི་ཕྱོགས་ལའང་མིག་དཔེ་ལེགས་པོ་བསྟན་ཡོད་པ་རེད།

པཎ་ཆེན་མཆོག་དགོངས་པ་ཆོས་དབྱིངས་སུ་འཐིམས་ནས་བགྲང་བྱ་སུམ་ཅུ་འགོར་ཡོད་ནའང་ཁོང་གི་ཀྲུང་གོ་གུང་ཁྲན་ཏང་ལ་དགའ་བ་དང་མེས་རྒྱལ་ལ་དགའ་བ། མི་དམངས་ལ་དགའ་བ། ཆོས་ལུགས་ལ་དགའ་བ་བཅས“དགའ་བ་བཞིའི”བསམ་བློའི་དགོངས་དོན་གྱིས་དུས་ནམ་ཡང་ང་ཚོ་ལ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་དང་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་འདུན་མ་མངོན་འགྱུར་བྱེད་པར་སྐུལ་མ་གནང་བཞིན་ཡོད།

ཐེངས་འདིའི་མཛད་སྒོའི་སྟེང་ཕེབས་པའི་འབྲེལ་ཡོད་འགོ་ཁྲིད་ལྷན་རྒྱས།

ཞོན་ཧྭ་རྫོང་གི་རྫོང་དཔོན་གཞོན་པ་མཱ་མིན་ཡེས་མཛད་སྒོར་འགོ་འཛིན་བྱེད་བཞིན་པ།

མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་རིན་ཆེན་རྣམ་རྒྱལ་གྱིས་མཛད་སྒོ་འགོ་རྩོམ་པར་ཁྱབ་སྒྲོག་བྱེད་པ།

མཚོ་སྔོན་ཞིང་ཆེན་ཚད་རིག་ལྷན་ཚོགས་ཀྱི་ཚོགས་གཙོ་སྒར་བ་ངག་དབང་བཟང་པོས་གཏམ་བཤད་གནང་བཞིན་པ།

ཞོན་ཧྭ་རྫོང་ཨུའི་རྒྱུན་ཨུའམ་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་སངས་རྒྱས་ཀྱིས་གཏམ་བཤད་གནང་བཞིན་པ།

བིས་མདོ་ཞང་གི་ཞང་གཙོ་བསོད་ནམས་དོན་གྲུབ་ཀྱིས་གཏམ་བཤད་གནང་བཞིན་པ།

དར་ཚོན་རུ་ཁག

ལྷ་རྩེད་རུ་ཁག

སྐོར་བྲོ་རུ་ཁག

མདོ་འཛིན་པ་བཀྲ་ཤིས་དབང་ཕྱུག་དང་ཚེ་བརྟན་སྒྲོལ་མ་གཉིས་ཀྱིས་རིག་རྩལ་འཁྲབ་སྟོན་ལ་མདོ་འཛིན་བྱེད་བཞིན་པ།

གླུ་བ་གྲགས་ཅན་ལུ་གུ་རྒྱལ་གྱིས༼ཨ་སྤུན་ཟླ་ཚོ༽ཞེས་པའི་དམངས་གླུ་སྙན་མོས་རིག་རྩལ་འཁྲབ་སྟོན་གྱི་མཛད་སྒོའི་སྒོ་འཕར་ངང་གིས་ཕྱེས།

གླུ་མ་གནམ་མཚོས༼དཀར་གསལ་དུང་གི་ཟླ་བ༽ཞེས་པའི་སྙན་གཞས་ངག་ལ་འགུག་བཞིན་པ།

གླུ་བ་གྲགས་ཅན་ཡ་ཏུང་གིས༼པཎ་ཆེན་དྲན་གླུ༽ཞེས་པའི་གླུ་གཞས་ལེན་བཞིན་པ།

མདོ་འཛིན་པ་གྲགས་ཅན་བཀྲ་ཤིས་དབང་ཕྱུག་དང་དབྱངས་ཅན་གཉིས་ཀྱིས་པཎ་ཆེན་རྗེས་དྲན་གྱི་སྙན་ངག་གྱེར་འདོན་བྱེད་བཞིན་པ།

ཡུལ་དངོས་སུ་ཕེབས་པའི་ལྟད་མོ་བའི་ཚོགས།

གླུ་མ་འཕྲིན་ལས་མཚོས༼སེམས་ཀྱི་མེ་ཏོག༽ཅེས་པའི་གླུ་གཞས་གཏོང་བཞིན་པ།

གླུ་མ་ཆོས་མཚོ་སྐྱིད་ཀྱིས༼ཕ་ཡུལ་བིས་མདོ༽ཅེས་པའི་སྙན་གཞས་ངག་ལ་འགུག་བཞིན་པ།

གླུ་མ་སྒྲོལ་མ་སྐྱབས་ཀྱིས༼སྡོང་རྒན༽ཞེས་པའི་གླུ་གཞས་གཏོང་བཞིན་པ།

གླུ་མ་ཀླུ་མ་མཚོས༼ཕ་ཡུལ༽ཞེས་པའི་གླུ་གཞས་ཤིག་བཀྲ་ཤིས་གནམ་ལོ་གསར་བའི་ལེགས་སྐྱེས་སུ་འབུལ་བཞིན་པ།

གླུ་མ་ལྷ་ལུང་མཚོས་དམངས་གླུ་སྙན་མོ་ལེན་བཞིན་པ།

གངས་རིའི་མིང་སྲིང་ཚན་སྡེབ།

ཞབས་བྲོའི་སྟངས་སྟབས།

ན་གཞོན་གླུ་མ་བན་ཏེ་སྐྱིད་ཀྱིས་དམངས་གླུ་སྙན་མོ་ལེན་བཞིན་པ།


གསར་འགོད་པ།  དབང་རྒྱལ་ཚེ་རིང་།   ཐུབ་བསྟན།