ཆུ་དམར་ལེབ་རྫོང་གི་ཏང་ཡོན་ལས་བྱེད་པས་ཁངས་གནོད་ལ་ཁ་གཏད་འཇལ།
2019.02.14 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 43

གཞི་རྒྱ་ཆེ་བའི་ཁང་ཆག་གི་གནོད་སྐྱོན་འོག་ཏུ་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་ཆུ་དམར་ལེབ་རྫོང་གིས་ཁང་ཆགས་རྒུད་སྐྱོབ་བྱ་བར་འཕྲལ་བསྟུན་བྱེད་ཐབས་སྤྱད་པ་དང་།      རྒྱ་ཆེ་བའི་ཏང་ཡོན་ལས་བྱེད་པས་དགུན་གྱི་ཙག་རླུང་དང་གྲང་རེག་ལ་གདོང་གཏད་དེ་ཁང་ཆགས་ཀྱི་ཁྲོད་དུ་བློ་དཀར་དང་ཁག་ཁུར་གྱིས་ཁངས་གནོད་ལ་ཁ་གཏད་འཇལ།

ཆུ་དམར་ལེབ་རྫོང་ཏང་ཨུ་དང་སྲིད་གཞུང་གི་འགོ་ཁྲིད་པ་དག་གནོད་སེལ་ཉེན་འགོག་གི་བྱ་བའི་ཁྲོད་དུ་ཞུགས་ཤིང་རྫོངས་ཡོངས་ཀྱི་སྡེ་བ་བཅུ་དགུ་ལ་སོང་སྟེ་ཁང་ཆག་གི་གནས་ཚུལ་ལ་རྒྱུས་ལོན་བྱས་ཤིང་མི་དམངས་ལ་མཚམས་འདྲི་དང་གཟན་རྩའི་གསོག་ཉར་གྱི་གནས་ཆུལ་ལ་ལྟ་ཞིབ་བྱས། གཞུང་ལམ་དང་གཟན་རྩྭ་སྐྱེལ་འདྲེན་གྱི་བྱ་བར་ལྟ་སྐུལ་སློབ་སྟོན་བྱས་ཏེ་མི་དམངས་མང་ཚོགས་ཀྱི་ཐོན་སྐྱེད་འཚོ་བར་ཐབས་བརྒྱ་ཇུས་སྟོང་གིས་ཁག་ཁུར་དང་གཟིགས་སྐྱོང་བྱེད་གོས་པའི་རེ་བ་བཏོན། 

ཁང་ཆག་ལྷུང་བའི་གཞུག་ཏུ་ཆུ་དམར་ལེབ་རྫོང་གི་རིམ་པ་སོ་སོའི་ལས་བྱེད་པས་ལས་གནས་བརྟན་སྲུང་བྱས་ལ། ཁང་ཆག་གི་ཁྲོད་དུ་གནོད་འགོག་ཕྱུགས་སྐྱོབ་ཀྱི་རིམ་པ་དང་པོ་དང་གཅིག་གྱུར་གྱིས་བཀོད་སྒྲིག་བྱེད་པ། སྔ་གཞུག་བཀོད་འདོམས་དང་སྲིད་ཇུས་དོན་འཁྱོལ་སོགས་བྱས་ཏེ་བློ་གཅིག་སེམས་གཅིག་གིས་གནོད་འགོག་ཉེན་སེལ་གྱི་བྱ་བའི་ཁྲོད་དུ་ཞུགས།

གནོད་སེལ་རྒུད་སྐྱོབ་ཀྱི་བྱ་བའི་ཁྲོད་དུ་བཀྲ་ཤིས་རྡོ་རྗེ་སོགས་ལས་འཁྱུར་ངལ་གསོ་བྱས་ཟིན་པའི་ཏང་ཡོན་རྒན་པ་བརྒྱ་དང་བཞི་བཅུ་ཡིས་རང་མོས་སྒོས་བརྩེ་སེམས་ཚོགས་པ་རྩ་འཛུགས་བྱས་ཏེ་མི་དམངས་མང་ཚོགས་ལ་སྒོར་ཁྲི་གཅིག་དང་སྟོང་ལྔའི་ཞལ་འདེབས་ཕུལ།

མིག་སྔའི་བར་དུ་ཆུ་དམར་ལེབ་རྫོང་གིས་གཟན་རྩྭ་ཏུན་ཆིག་སྟོང་དྲུག་བརྒྱ་དོན་ལྔ་སྐྱེལ་འདྲེན་བྱས་ལ་ཕྱུགས་རིགས་ཁྲི་གཅིག་དང་སྟོང་བརྒྱད་ལྷག་བཤས་ཁོངས་སུ་བཏང་བ་དང་། འཕྲུལ་ཆས་ཉི་ཤུ་ལྷག་བཀོལ་ནས་རྫོངས་ཡོངས་ཀྱི་གཞུང་ལམ་གཙོ་བོ་དང་སྡེ་བར་བརྒྱུད་པའི་གཞུང་ལམ་སོགས་ཀྱི་གནད་དོན་ཐག་བཅད།  རིན་གོང་་སྒོར་འབུམ་བཞི་ལྷག་གི་འཚོ་བའི་དངོས་ཟོག་བྱིན་ཏེ་ཕྱུགས་རིགས་ཀྱིས་བདེ་འཇགས་ཀྱིས་དགུན་སྐྱེལ་བ་དང་གཞུང་ལམ་ཤར་གཏོང་གི་གནས་ཚུལ་སོགས་ལ་ཁག་ཐེག་བྱས།