ཞོན་ཧྭ་རྫོང་ཀ་རིང་ཞང་གིས་ལོ་སར་སྤྲོ་ཚོགས་བསྡུས།
2019.02.14 ཁུངས། ཀློག་གྲངས། 3029

སྤྱི་ཟླ་གཉིས་པའི་ཚེས་བཅུ་བཞི་ཉིན། ཀ་རིང་ཞང་མི་དམངས་སྲིད་གཞུང་གིས་གཙོ་སྒྲུབ་བྱས་ཤིང་ཞོན་ཧྭ་རྫོང་ཤུག་རི་ནས་ཆང་ཚད་ཡོད་ཀུང་ཟིས་རོགས་སྒྲུབ་བྱས་པའི་ཀ་རིང་ཡུལ་གྱི་ལོ་སར་སྤྲོ་ཚོགས་དེ་ཀ་རིང་ཞང་དུ་བསྡུས། མཚོ་ཤར་གྲོང་ཁྱེར་དང་ཞོན་ཧྭ་རྫོང་གི་འབྲེལ་ཡོད་འགོ་ཁྲིད་མང་པོ་ཐེངས་འདིའི་སྤྲོ་ཚོགས་ཀྱི་སྟེང་དུ་ཞུགས་པ་མ་ཟད།་ཡུལ་ཕྱོགས་སོ་སོའི་སྐུ་མགྲོན་དང་ལྟད་མོ་བ་མང་པོ་སྤྲོ་ཚོགས་སྟེང་ཞུགས།                                                       

འདས་པའི་ལོ་གཅིག་གི་རིང་། ཞོན་ཧྭ་རྫོང་ཏང་ཨུ་དང་རྫོང་མི་དམངས་སྲིད་གཞུང་གི་ཡང་དག་པའི་མགོ་ཁྲིད་འོག་ཏུ། ཀ་རིང་ཞང་ཏང་ཨུ་དང་ཞང་སྲིད་གཞུང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློའི་མཛུབ་སྟོན་ལྟར། ཁྱོན་ཡོངས་ནས་ཏང་གི་ཚོགས་ཆེན་བཅུ་དགུ་བའི་དགོངས་དོན་དངོས་འབེབས་དོན་འཁྱོལ་བྱེད་པ་དང་། ནུས་ཤུགས་ཡོད་རྒུས་སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བ་དང་ཀྲུང་ཧྭ་མི་རིགས་ཀྱི་ཕུལ་དུ་བྱུང་བའི་སྲོལ་རྒྱུན་རིག་གནས་དར་སྤེལ་གཏོང་བ། ལྔ་བཞིའི་འཐབ་ཇུས་ལག་བསྟར་ཟབ་མོ་བྱེད་པ། སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས་སྐུལ་འདེད་གཏོང་བར་ཧུར་བརྩོན་བྱས་ཏེ། ཞིང་སྡེའི་བསམ་པའི་དཔལ་ཡོན་འཛུགས་སྐྲུན་ལ་ཤུགས་སྣོན་དང་མང་ཚོགས་ཀྱི་བསམ་པའི་རིག་གནས་ཀྱི་འཚོ་བ་ཕུན་སུམ་ཚོགས་པར་བཏང་། 

ཐེངས་འདིའི་སྤྲོ་ཚོགས་བརྒྱུད་དེ་ཀ་རིང་ཞང་གིས་མུ་མཐུད་ནས་ཏང་གི་མི་རིགས་སྲིད་ཇུས་ལག་བསྟར་དངོས་འབེབས་དང་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་བྱེད་པར་སྔར་ལས་ལྷག་པའི་སྒོ་ནས་ནུས་ཤུགས་ཡོད་རྒུ་གདོན་ངེས་ཡིན་པ་དང་། རིགས་སོ་སོའི་མི་དམངས་རྣམས་མཐུན་སྒྲིལ་དམ་པོས་སྤྱི་ཚོགས་འཕེལ་རྒྱས་དང་འཆམ་མཐུན་གྱི་ལམ་དུ་བསྐྱོད་པར་ཡང་ནུས་པ་མི་དམན་པ་ཐོན་ངེས་རེད། 

ཐེངས་འདིའི་མཛད་སྒོའི་སྟེང་ཞུགས་པའི་འབྲེལ་ཡོད་འགོ་ཁྲིད་ལྷན་རྒྱས།

མཚོ་ཤར་གྲོང་ཁྱེར་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པའམ་ཞོན་ཧྭ་རྫོང་ཨུའི་ཧྲུའུ་ཅི་ལིས་ཧྥ་རོང་གིས་མཛད་སྒོ་འགོ་རྩོམ་པར་ཁྱབ་སྒྲོག་བྱེད་པ།

ཀ་རིང་ཞང་གི་ཏང་ཨུའི་ཧྲུའུ་ཅི་རྡོ་བྷས་གཏམ་བཤད་གནང་བཞིན་པ།

ཚེ་རིང་རྣམ་དྲུག་གིས་བཀྲ་ཤིས་པའི་ལོ་སར་གྱི་ཁ་གཡང་སྒྲོག་བཞིན་པ།

མདོ་འཛིན་པ་རང་གྲོལ་རྡོ་རྗེ་དང་ཚེ་བརྟན་སྒྲོལ་མ་གཉིས་ཀྱིས་སྤྲོ་ཚོགས་ལ་མདོ་འཛིན་བྱེད་བཞིན་པ།

མདོ་འཛིན་པ་གྲགས་ཅན་བཀྲ་ཤིས་དབང་ཕྱུག་དང་དབྱངས་ཅན་གཉིས་ཀྱིས་སྙན་ངག་གྱེར་འདོན་བྱེད་བཞིན་པ།

གླུ་བ་སྟོབས་ཆེན་རྒྱལ་གྱིས་སྤྲོ་ཚོགས་ཀྱི་གླུ་སྒོ་ཕྱེས་པ།

གླུ་བ་བསམ་འགྲུབ་ཚེ་རིང་གིས་གླུ་གཞས་ལེན་བཞིན་པ།

གླུ་བ་རིན་ཆེན་དོན་གྲུབ་ཀྱིས་གླུ་གཞས་ལེན་བཞིན་པ།

གླུ་མ་བདྨ་མཚོས་གླུ་གཞས་ལེན་བཞིན་པ།

རྡུང་ལེན་པ་ཚེ་རིང་དབང་འདུས་སྒྲ་སྙན་རྒྱུད་སྐུད་ལ་དྲངས་པའི་ལོ་སར་ལེགས་སྐྱེས་འབུལ་བཞིན་པ།

གླུ་མ་སྒྲོན་པེས་གླུ་གཞས་ལེན་བཞིན་པ།

གླུ་མ་ལྷ་དཀར་སྒྲོལ་མས་གླུ་གཞས་ལེན་བཞིན་པ།

གླུ་བ་ཐར་འབུམ་རྒྱལ་གྱིས་བཀྲ་ཤིས་པའི་ལོ་སར་མཆོད་གླུ་འབུལ་བཞིན་པ།

གླུ་མ་གཡང་མོ་སྒྲོལ་མས་དམངས་གླུ་སྙན་མོ་ངག་ལ་འགུག་བཞིན་པ།

གླུ་བ་གདུགས་དཀར་ཡག་གིས༼དབྱངས་ཅན་མའི་མཆོད་པ༽ཞེས་པའི་གླུ་གཞས་ལེན་བཞིན་པ།

ཡུལ་དངོས་སུ་སླེབས་པའི་ལྟད་མོ་བའི་ཚོགས།

ཚོགས་རའི་ཡུལ་དངོས།

ཞོན་ཧྭ་རྫོང་ཀ་རིང་ཞང་གི་ལོ་སར་སྤྲོ་ཚོགས་བདེ་བླག་ངང་མཇུག་བསྡུས།


གསར་འགོད་པ།  དབང་རྒྱལ་ཚེ་རིང་།  ཐུབ་བསྟན།