ཐུན་ཏེ་རྫོང་གིས་ཏང་ཡོན་དོ་དམ་གྱི་རྣམ་པ་གསར་སྐྲུན་བྱས།
2019.02.15 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 55

མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཐུན་ཏེ་རྫོང་རྐ་འབའ་སུམ་མདོ་གྲོང་རྡལ་སྡེ་ཁུལ་དང་པོའི་ཏང་ཀྲི་པུའུ་ཡིས་ཏང་ཡོན་ལས་བཟོ་པའི་ཁར་སྡོད་དམངས་ཏང་ཡོན་སྣོན་པ་དང་།  ལས་ཐོག་ཏང་ཡོན་གྱི་ཁར་སྡོད་དམངས་སྣོན་པའི་ཞབས་ཞུའི་རྣམ་པ་ལག་བསྟར་བྱས་པ་ནས་བཟུང་འབྲེལ་ཡོད་བྱ་བ་ལེགས་པོར་སྒྲུབ་པ་དང་སྡོད་དམངས་ཁྲི་སྟོང་མང་པོར་ཁེ་ཕན་གང་མང་བསྐྲུན།  དྲ་མིག་ཅན་གྱི་ཞབས་ཞུར་བརྟེན་ནས་ཏང་ཡོན་བཀོལ་བ་ནི་ཐུན་ཏེ་རྫོང་གི་ཏང་ཡོན་དོ་དམ་གྱི་བྱེད་ཐབས་གསར་བ་ཞིག་རེད།

ཉེ་བའི་ལོ་འདི་འགར།  ཏང་ཡོན་ལས་བྱེད་ཁ་ཤས་ཀྱི་ཐོབ་ཐང་མི་གསལ་བ་དང་། གཙོ་དོན་འདུ་ཤེས་མེད་པ།  ཏང་གཤིས་འདུ་ཤེས་ཞན་འགྱུར་དང་ཏང་ཡོན་དཔུང་ཁག་དོ་དམ་དམ་པོ་མིན་པའི་གནད་དོན་ལ་དམིགས་ནས།  ཐུན་ཏེ་རྫོང་གིས་ཏང་ཡོན་དོ་དམ་སློབ་གསོ་གཏོང་ཐབས་གསར་བཟོ་བྱས་ཤིང་།  ཏང་ཡོན་གྱི་ཉིན་རྒྱུན་དོ་དམ་དང་རྩ་འཛུགས་འཚོ་བ།  ནུས་པ་བཀོད་སྤྱོད་བཅས་ཉིན་རེ་བཞིན་ཇེ་ལེགས་ཇེ་དམ་དུ་བཏང་།

བྱ་བའི་ཁྲོད། ཐུན་ཏེ་རྫོང་གིས་ཏང་ཡོན་དོ་དམ་ལེགས་བསྒྱུར་བྱས་ནས་སྡེ་ཁུལ་ཏང་ཀྲི་པུའུ་ཡིས་མང་ཚོགས་ལ་ཞབས་འདེགས་ཞུ་བའི་ནུས་པ་མཐོར་འདེགས་བཏང་ལ། ཏང་ཡོན་མི་འདྲ་བར་ཁ་གཏད་ཀྱི་བྱེད་ཐབས་སྣ་མང་སྤྱད་པ་དང་། ཏང་ཨུའི་ཏང་ཡོན་ཡོངས་ལ་གཅིག་གྱུར་དོ་དམ་བྱེད་ཐབས་ལག་བསྟར་བྱས་པ་དང་ཆེད་ལས་རྐང་འཛིན་པའི་ནུས་པ་འདོན་སྤེལ་བྱས།

དེ་དང་མཉམ་དུ།  ཏང་གི་བརྗོད་གཞིའི་བྱ་འགུལ་སྣ་ཚོགས་སྤེལ་བ་དང་།  མཐུན་སྒྲིལ་ཅན་དང་། ཞི་བདེ་ཅན།  དཔལ་ཡོན་ཅན། ཞབས་ཞུ་ཅན་གྱི་གཞི་རིམ་ཏང་ཡོན་དཔུང་སྡེ་གསར་བསྐྲུན་བྱས། ལས་ཁུངས་ཀྱི་ཏང་ཡོན་གྱི་ནུས་པ་འདོན་སྤེལ་གང་ལེགས་དང་།  མང་ཚོགས་ཞབས་ཞུའི་གནས་ཚུལ་བཅས་སྐར་རིམ་དཔྱད་འདེམས་བྱེད་པའི་ཚད་གཞིར་བརྩིས་ནས་ཏང་ཡོན་ལས་བྱེད་པའི་བརྩོན་སེམས་སྔར་ལས་ཇེ་ཆེར་བཏང་།