མཚོ་ནུབ་ཁུལ་གྱིས་ད་ལོའི་རྨོ་འདེབས་གྲ་སྒྲིག་བྱ་བ་ཧུར་ཐག་གིས་བསྒྲུབས།
2019.02.15 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 44

ཉིས་སྟོང་བཅུ་དགུ་ལོའི་རྨོ་འདེབས་གྲ་སྒྲིག་བྱ་བ་ལེགས་པོར་སྒྲུབ་པ་དང་ཞིང་གསུམ་ལ་སྔར་ལས་ཞབས་འདེགས་བཟང་པོར་ཞུ་ཆེད། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གྱིས་བྱེད་ཐབས་ལེགས་པོ་སྤྱད་དེ། ད་ལོའི་རྨོ་འདེབས་གྲ་སྒྲིག་ཞབས་ཞུའི་བྱ་བ་སྣ་ཚོགས་ལ་ཇུས་འགོད་བྱས་པ་དང་། ཞིང་ཕྱུགས་ལས་རིགས་ཐོན་སྐྱེད་ཀྱི་འགོ་བཟང་པོ་རྩོམ་པར་ཁག་ཐེག་བྱས།

རྒྱུས་ལོན་བྱུང་བའི་གནས་ཚུལ་ལྟར་ན། མཚོ་ནུབ་ཁུལ་གྱིས་རྨོ་འདེབས་ཐོན་སྐྱེད་འགོ་ཁྲིད་ཚན་ཆུང་བཙུགས་པ་དང་། གཙོ་བོ་འཕང་འབྲས་སོགས་ཐོན་སྐྱེད་དང་ཕྱིར་འཚོང་གནས་ཚུལ་ལ་དམིགས་པ་དང།  ཞིང་བའི་རེ་འདོད་ལ་རྒྱུས་ལོན་ཟབ་མོ་བྱས་ནས་ཉིས་སྟོང་བཅུ་དགུ་ལོའི་ཞིང་ལས་ཐོན་སྐྱེད་གནས་བབ་ལ་དབྱེ་ཞིབ་བརྡར་གཅོད་བྱས། ཞིང་ལས་འཕྲུལ་ཆས་བཀོད་སྤྱོད་དང་ཞིང་ལས་ལག་རྩལ་དར་སྤེལ་བཏང་ནས་ཞིང་སྡེའི་ངལ་རྩོལ་ནུས་ཤུགས་མི་འདང་བའི་གནད་དོན་ཐག་གཅོད་བྱས།  ཁེ་ལས་དང་མཉམ་ལས་ཁང་།  ཞིང་བ་བཅས་ཀྱིས་སྐྱེ་ལྡན་ལུད་རྫས་བཀོལ་བར་སྐུལ་མ་གཏོང་བ་དང་། སྐྱེ་ལྡན་ལུད་རྫས་ཐོན་སྐྱེད་ཁེ་ལས་དང་སྐྱེ་ལྡན་ལུད་རྫས་བཀོད་སྤྱོད་བྱེད་པར་ཁ་གསབ་མ་དངུལ་ངེས་ཅན་འདོན་སྤྲོད་བྱས་ཏེ་རྫས་འགྱུར་ལུད་རྫས་གཏན་འགོག་བྱེད་པའི་དམིགས་ཡུལ་མངོན་འགྱུར་བྱེད་པར་བརྩོན་ལེན་བྱས།  ཐོན་སྐྱེད་སྣེ་ཁྲིད་དང་རིགས་རྫས་སྣེ་ཁྲིད། ལག་རྩལ་སྐུལ་སྤེལ་སོགས་ལ་དམིགས་ནས་གསར་གཏོད་ལ་ཤུགས་སྣོན་དང་དཔེ་གཞི་སྐུལ་འདེད།  ཁུལ་ཡོངས་ནས་ཞིང་བའི་ལག་རྩལ་གསོ་སྦྱོང་སྤེལ་བས།  རྫས་འགྱུར་ལུད་རྫས་ཉུང་གཏོང་ལ་གྲུབ་འབྲས་བླངས་པ་མ་ཟད་ཚན་རྩལ་བཀོད་སྤྱོད་ཁྱིམ་ཚང་དུ་སྤེལ་ཚད་བརྒྱ་ཆའི་གོ་གཅིག་ཡན་ལ་བསླེབས་པ་དང་།  ཞིང་ལས་སྐྱེ་དངོས་སོན་བཟང་ལེགས་འདེབས་ཀྱི་ཁེབས་ཚད་བརྒྱ་ཆའི་བརྒྱད་ཅུ་ཡན་ལ་བསླེབས།