ཡུལ་ཤུལ་དང་མགོ་ལོག་ཁུལ་གྱི་ཁངས་ཆག་ནམ་ཟླས་ལོ་རྒྱུས་ཟིན་ཐོ་བསྐྲུན།
2019.02.16 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 52

སྤྱི་ཟླ་གཉིས་པ་ནས་བཟུང་རང་ཞིང་གི་ལྷོ་ཕྱོགས་ས་ཁུལ་དུ་ནམ་ཟླ་ཇེ་འཁྱགས་དུ་སོང་ནས་ཁངས་འབབ་པའི་གནས་ཚུལ་རྒྱུན་ཆད་མེད་པར་བྱུང་བ་དང་ས་ཁུལ་མང་ཤས་ལ་ཁངས་ཆག་གནོད་འཚེ་ཐེབས་པ་རེད།  མིག་སྔར། ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་དང་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གྱི་ཁ་བའི་མཐུག་ཚད་ལི་སྨི་ལྔ་ནས་ལི་སྨི་བཅུ་བར་ཡིན་ལ། ས་ཁུལ་ཁ་ཤས་ནས་ལི་སྨི་བཅོ་ལྔ་བརྒལ་བས་ལོ་རྒྱུས་ཟིན་ཐོ་བཀོད་པ་རེད།

གནམ་གཤིས་སྡེ་ཁག་གི་འཁོར་སྐར་རྒྱང་ཚོར་ལྟ་ཞིབ་ཚད་ལེན་ཆས་ལས་མངོན་པ་ལྟར་ན། རང་ཞིང་གི་ཁངས་འབབ་ཚད་གཙོ་བོ་ཡུལ་ཤུལ་གྱི་དབུས་ཤར་ཁུལ་དང་མགོ་ལོག་གི་ནུབ་དབུས་ས་ཁུལ།  མཚོ་ནུབ་གྱི་ལྷོ་བྱང་ཁུལ།  རྨ་ལྷོའི་རྩེ་ཁོག་ས་ཁུལ་བཅས་རེད།  དེའི་ནང་མཚོ་སྔོན་ལྷོ་ཕྱོགས་ས་ཁུལ་གྱི་ཁངས་ཆག་གཞི་རྒྱ་ཅུང་ཆེ་བ་སྟེ།  དར་ལག་རྫོང་དང་རྨ་སྟོད་རྫོང་། ཁྲི་འདུ་རྫོང་དང་ཡུལ་ཤུལ་གྲོང་ཁྱེར་གྱི་ཁངས་ཆག་ཁེབས་ཚད་སྲིད་འཛིན་ཡུལ་ཁོངས་ཀྱི་བརྒྱ་ཆའི་དྲུག་ཅུ་ཡན་ཟིན་པ་རེད།  ཡུལ་ཤུལ་དང་མགོ་ལོག་ཁུལ་གྱི་མཚོ་ངོས་མཐོ་ཚད་མཐོ་བ་དང་དྲོད་ཚད་དམའ་བས་ཁངས་བཞུ་དཀའ་བ་རེད།

ས་ཁུལ་གྱི་གནམ་གཤིས་སྡེ་ཁག་གི་ལས་བྱེད་མི་སྣས་བཤད་རྒྱུར། རླུང་ཆེན་གཡུགས་པའི་ནམ་ཟླའི་ཤུགས་རྐྱེན་འོག་གཞུང་ལམ་མང་ཆེ་སར་ཁངས་བརྩེགས་པ་དང་། རྨ་སྟོད་དང་ཡུལ་ཤུལ་བར་གྱི་མྱུར་བགྲོད་གཞུང་ལམ་སྟེང་ཁངས་མཐུག་ཚད་སྨི་བརྒྱད་ལ་བསླེབས་ཡོད་ཟེར།

ཟླ་གཉིས་པའི་ཚེས་བཅུ་དྲུག་ནས་བཟུང་། རང་ཞིང་ལ་ཡང་བསྐྱར་གཞི་ཁྱོན་ཆེ་བའི་ཁངས་འབབ་རྒྱུ་རེད།  མགོ་ལོག་བྱང་ཕྱོགས་དང་ཡུལ་ཤུལ་བྱང་ཕྱོགས། མཚོ་ནུབ་ཤར་ཕྱོགས་བཅས་ལ་ཁངས་འབྲིང་འབབ་པ་དང་།མཚོ་ནུབ་ཀྱི་ནུབ་ཕྱོགས་དང་རྨ་ལྷོའི་ས་ཁུལ་མང་ཆེ་བར་སྤྲིན་མང་རྒྱུ་རེད།  ཞིང་ཆེན་ནང་ཁུལ་གྱི་ས་ཁུལ་གཞན་དག་ལ་ཁངས་ཆུང་ཆུང་ནས་ཁངས་སམ་སིམ་འབབ་རྒྱུ་རེད།  ཚེས་བཅུ་བདུན་ཉིན།  མཚོ་ལྷོའི་ལྷོ་ཕྱོགས་དང་མགོ་ལོག་བྱང་ཕྱོགས་ལ་ཁངས་འབྲིང་ཙམ་འབབ་རྒྱུ་ཡིན་པ་དང་།  མཚོ་ནུབ་ནུབ་ཕྱོགས་ལ་སྤྲིན་མང་རྒྱུ་རེད།  ཞིང་ཆེན་ནང་ཁུལ་གྱི་ས་ཁུལ་གཞན་དག་ལ་ཁངས་ཆུང་ཆུང་ནས་ཁངས་སམ་སིམ་འབབ་རྒྱུ་རེད།  རང་ཞིང་གི་ས་ཁུལ་མང་ཤས་ཀྱི་དྲོད་ཚད་ཧྲེ་ཧྲི་ཏུའུ་བཞི་ནས་དྲུག་བར་མར་འབབ་རྒྱུ་རེད།