ན་གོར་མོ་གྲོང་ཁྱེར་ནས་ཉིས་སྟོང་བཅུ་དགུ་ལོའི་བྱེ་རླུང་ཐོག་མ་གཡུགས།
2019.02.18 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 46

ཟླ་གཉིས་པའི་ཚེས་བཅུ་དྲུག་ཉིན་ན་གོར་མོ་ས་ཁུལ་དུ་བྱེ་རླུང་གཡུགས།  ཞའོ་ཙའོ་ཧོ་ས་ཁུལ་དུ་བྱེ་རླུང་དྲག་པོ་བྱུང་བ་དང་ཆེས་ཆུང་བའི་རིག་ཚད་སྨི་བརྒྱ་དང་དོན་ལྔར་སླེབས་པ་དང་། ན་གོར་མོ་གྲོང་ཁྱེར་གྱི་ཆེས་ཆུང་བའི་རིག་ཚད་སྨི་ལྔ་བརྒྱ་དང་སོ་གཅིག་རེད།

ཐེངས་འདིའི་བྱེ་རླུང་གནམ་གཤིས་ལ་ཁ་གཏད་ནས།  ན་གོར་མོ་གྲོང་ཁྱེར་གནམ་གཤིས་རྟོག་དཔྱོད་ཁང་གིས་སྔོན་ལ་བཀོད་སྒྲིག་བྱས་པ་དང་།  ལོ་སར་གུང་གསེང་དུས་ཀྱི་གནམ་གཤིས་ཞབས་ཞུ་ཧུར་ཐག་གིས་བསྒྲུབས།  ན་གོར་མོ་གནམ་གཤིས་རྟོག་དཔྱོད་ཁང་དང་ཞིང་ཆེན་གནམ་གཤིས་རྟོག་དཔྱོད་ཁང་གིས་བརྗེ་རེས་གཏིང་ཟབ་སྤེལ་བ་དང་ཞའོ་ཙའོ་ཧོ་ས་ཚིགས་ཀྱི་སྔོག་འགོག་དང་གནས་ཚུལ་སྙན་ཞུའི་བྱ་བ་མཉམ་འབྲེལ་གྱིས་བསྒྲུབས་པ་དང་།  བྱེ་རླུང་འཚུབ་པའི་སྔོན་བརྡའི་བརྡ་རྟགས་སེར་པོ་སྔོན་ལ་བཏང་སྟེ།  གྲོང་ཁྱེར་ཏང་ཨུ་དང་གྲོང་ཁྱེར་སྲིད་གཞུང་བཅས་འབྲེལ་ཡོད་སྡེ་ཁག་གིས་ཇུས་གཞི་འདོན་པར་གཞི་འཛིན་ས་འདོན་སྤྲོད་བྱས།  དེ་དང་མཉམ་དུ།  ཁ་པར་བརྡ་འཕྲིན་དང་དྲ་རྒྱ།  སྐད་འཕྲིན་སོགས་ཀྱིས་བརྡ་གཏོང་བའི་བྱེད་ཐབས་བརྒྱུད་དེ་འགྲིམ་འགྲུལ་སྐྱེལ་འདྲེན་དང་ཞིང་ལས།  ན་གོར་མོ་གནམ་གྲུ་ཐང་བཅས་ལས་རིགས་དང་སྤྱི་ཚོགས་སྤྱི་དམངས་ཀྱིས་ཁ་གཏད་འཇལ་བའི་བྱ་བ་སྒྲུབ་ནས།  ཚད་མཐོན་པོས་བྱེ་རླུང་ནམ་ཟླའི་གནོད་པ་ཇེ་དམའ་རུ་བཏང་།

ཚེས་བཅུ་བདུན་ཉིན་བྱེ་རླུང་ཇེ་ཆུང་དུ་སོང་བ་དང་ཐལ་རྡུལ་འཚུབ།  གནམ་གཤིས་གནས་ཚུལ་ལ་དབྱེ་ཞིབ་བྱས་པ་ལྟར་ན།  ཚེས་བཅུ་བདུན་ཉིན་ནས་གནམ་ཐང་བ་དང་།  ན་གོར་མོ་གནམ་གཤིས་རྟོག་དཔྱོད་ཁང་གིས་མུ་མཐུད་དུ་ནམ་ཟླའི་འགྱུར་ལྡོག་ལ་རྒྱུས་ལོན་བྱེད་རྒྱུ་ཡིན་པ་དང་།  བརྙན་འཕྲིན་དང་མཉམ་འབྲེལ་དྲ་རྒྱ།  ཁ་པར་བརྡ་འཕྲིན།  སྐད་འཕྲིན་སོགས་ཀྱི་བྱེད་ཐབས་བརྒྱུད་ནས་ཞབས་ཞུ་ལེགས་པོ་བསྒྲུབ་རྒྱུ་ཡིན་ལ།  དུས་ལྟར་སྔོན་བརྡ་གཏོང་རྒྱུ་རེད།