མཚོ་ནུབ་ཁུལ་གྱིས་རྩལ་ནུས་འཇོན་མི་གསོ་སྐྱོང་བྱས་ཏེ་སྤྱི་ཚོགས་འཕེལ་རྒྱས་ལ་རོགས་འདེགས་བྱས།
2019.02.18 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 38

མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གྱིས་བསྒྱུར་བ་བཞི་དང་ཐོན་ལས་རིམ་འཕར་ལ་དམ་དུ་དམིགས་ནས།  ལས་རིགས་སློབ་གསོའི་ཆེད་ལས་སྒྲིག་གཞི་ལེགས་སྒྲིག་བྱས་པ་དང་། སློབ་སྒྲུབ་ལམ་ལུགས་དང་འཇོན་མི་གསོ་སྐྱོང་།  དོ་དམ་ལམ་ལུགས་བཅོས་སྒྱུར་བཅས་གཙོར་བཟུང་ནས་སྐུལ་འདེད་བཏང་།  ལས་རིགས་སློབ་གསོའི་འཕེལ་རྒྱས་སྒུལ་ཤུགས་མུ་མཐུད་དུ་ཇེ་ཆེར་བཏང་བ་དང་།  ཁུལ་ཡོངས་དང་ཞིང་ཆེན་ཡོངས་ཀྱི་སྤྱི་ཚོགས་དང་དཔལ་འབྱོར་འཕེལ་རྒྱས་ཀྱི་ཞབས་ཞུའི་ནུས་པ་མངོན་གསལ་སྒོས་ཇེ་ཆེར་སོང་ཡོད་ལ།  ལོ་རེར་སྤྱི་ཚོགས་ལ་རྩལ་ནུས་འཇོན་མི་དྲུག་སྟོང་གསོ་སྐྱོང་བྱེད་བཞིན་ཡོད།

དེང་རབས་སློབ་བུའི་ལམ་ལུགས་ཀྱི་བཅོས་སྒྱུར་ཚོད་ལྟ་ཧུར་ཐག་གིས་སྤེལ་ནས།  སློབ་གཉེར་རྣམ་པ་གསར་བ་ལག་བསྟར་བྱེད་པ་དང་།  མཚོ་སྔོན་ཚྭ་མཚོའི་བཟོ་ལས་མ་རྐང་ཚད་ཡོད་ཀུང་སི་དང་མཚོ་ནུབ་ཁུལ་མི་དམངས་སྨན་ཁང་སོགས་ལས་ཁུངས་དྲུག་དང་ལྷན་དུ་གློག་འཕྲུལ་གཞི་གཅིག་ཅན་སྤེལ་བ་སོགས་བྱས་ཏེ།  འཇོན་མི་གསོ་སྐྱོང་ཚད་གཞི་དང་ཁེ་ལས་དགོས་མཁོ་གཉིས་གཏིང་ཟབ་མཉམ་འདྲེས་བྱེད་པ་མངོན་འགྱུར་བྱས་ནས།  སྲིད་གཞུང་དང་ཁེ་ལས།  སློབ་གྲྭ   ལས་རིགས་དང་སྤྱི་ཚོགས་བཅས་ཀྱིས་མཉམ་སྒྲུབ་སྐུལ་སྤེལ་བྱེད་པའི་ལས་རིགས་སློབ་གསོའི་སློབ་སྒྲུབ་ཀྱི་རྣམ་པ་གསར་བ་གྲུབ་པར་བྱས།

སྐོར་གཅིག་ཅན་བརྒྱད་ཀྱི་དབུལ་ཐར་མཁྲེགས་གཏོར་འགུལ་སྐྱོད་འཆར་གཞི་ལ་དམིགས་ནས།  གྲོང་གསེབ་ངལ་རྩོལ་ནུས་ཤུགས་སོགས་ཚོགས་སྤྱིའི་ལས་རིགས་རྩལ་ནུས་གསོ་སྦྱོང་བྱེད་པ་ཕྱོགས་ཡོངས་ནས་སྤེལ་བ་དང་།  ལྷག་པར་དུ་གནད་ཕིགས་དབུལ་སྐྱོར་དང་ཡིག་ཚགས་དབུལ་ཕོངས་ཁྱིམ་ཚང་ལ་ཁ་གཏད་ནས་དབུལ་སྐྱོར་རིག་སྐྱོར་མཉམ་དུ་སྤེལ།  ལས་རིགས་ལག་རྩལ་སློབ་གྲྭས་ལས་རིགས་རྩལ་ནུས་གསོ་སྦྱོང་སྣ་མང་སྤེལ་ནས་དབུལ་ཕོངས་མི་ཚོགས་ལས་ཞུགས་བྱེད་པར་སྐུལ་འདེད་གང་ལེགས་བྱས་ནས་དབུལ་ཐར་དམིགས་འབེན་མངོན་འགྱུར་བྱེད་དགོས་ཟེར།