ཟླ་གཉིས་པའི་ཚེས་བཅོ་ལྔ་ཉིན། ཀོས་ནན་རྫོང་ཏང་ཨུའི་ལྟེ་གནས་ཚན་ཁག་གིས་་ཕྱོགས་བསྡུས་སློབ་སྦྱོང་ཚོགས་འདུ་བསྡུས། རྫོང་ཏང་ཨུ་དང་རྫོང་སྲིད་གཞུང་གི་སྡེ་ཁག་སོ་སོའི་འགན་འཁུར་བ་ཚོགས་འདུར་ཞུགས། ཚོགས་འདུ་ལས་སྡེ་ཁག་སོ་སོ་དང་ཏང་ཡོན་ལས་བྱེད་པ་ཚང་མས་མགྱོགས་མྱུར་ངང་བྱ་བའི་གྲུབ་འབྲས་མཐོར་འདེགས་གཏོང་དགོས་པ་དང་། བློ་གཅིག་སེམས་གཅིག་གིས་བྱ་བ་སྒྲུབ་པ་རྒྱུན་འཁྱོངས་བྱས་ཏེ་ལྷོད་གཡེང་གི་རྣམ་པར་བསྒྱུར་བཅོས་བཏང་ནས། རྒྱུན་ཆད་མེད་པར་སྙིང་སྟོབས་ཆེར་བསྐྱེད་ཀྱིས་ལས་སྒྲུབ་ལས་སྐྲུན་བྱེད་པའི་རྣམ་པ་གྲུབ་པར་བྱས་ཏེ། ལས་དོན་ཁག་སོ་སོར་གྲུབ་འབྲས་བཟང་པོ་ལེན་དགོས་པའི་རེ་བ་བཏོན།
ཚོགས་འདུ་ལས་ནན་གྱིས་བསྟན་དོན། ད་ལོ་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརཉེས་ནས་ལོ་འཁོར་བདུན་ཅུ་ལོན་པའི་ལོ་དང་མཚོ་སྔོན་བཅིངས་འགྲོལ་བྱས་ནས་ལོ་འཁོར་བདུན་ཅུ་ལོན་པའི་ལོ་ཡིན་ལ། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སུ་སླེབས་པའི་གནད་འགག་གི་ལོ་ཡང་ཡིན་པས་ལས་འགན་ཤིན་ཏུ་ལྕི། ཀོས་ནན་རྫོང་གིས་གཏན་ཁེལ་བྱས་ཟིན་པའི་བསམ་བློ་དང་དམིགས་འབེན། ཇུས་གཞི། ཐབས་ལམ་དང་ཐབས་ཇུས། དུས་ཡུན་བཅས་ལ་གཞི་བཅོལ་ནས་ལས་དོན་ཁག་སོ་སོ་མྱུར་དུ་སྒྲུབ་མགོ་རྩོམ་པ་དང་བརྩོན་སེམས་ཆེན་པོས་ལས་འགན་ཡོངས་འགྲུབ་བྱེད་དགོས་ཟེར།
རྒྱུས་ལོན་བྱུང་བ་ལྟར་ན། ཚོགས་འདུ་ལས་ཞང་དང་གྲོང་རྡལ་སོ་སོ་དང་སྡེ་ཁག་སོ་སོ། ལས་ཁུངས་སོ་སོས་དམིགས་འབེན་ལས་འགན་ལེགས་འགྲུབ་འབྱུང་བར་ཇུས་གཞི་ཞིབ་མོ་འགོད་དགོས་པ་དང་ བྱ་བར་སྐུལ་འདེད་གཏོང་བའི་ཐབས་ལམ་སྣ་ཚོགས་ལུགས་མཐུན་གྱིས་གཏན་འབེབས་བྱས་ཏེ་ལས་དོན་སོ་སོ་སྔ་མོ་ནས་དོན་འཁྱོལ་ཡོང་བ་བྱེད་དགོས་པའི་རེ་བ་བཏོན་ཟེར།