མཚོ་ཤར་གྲོང་ཁྱེར་གྱིས་ཡུལ་ཤུལ་གནོད་ཁུལ་ལ་བརྩེ་བའི་དྲོད་འཁོལ་བསྐྱལ།
2019.02.21 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 23

ཉེ་ལམ།  མཚོ་ཤར་གྲོང་ཁྱེར་ཏང་ཨུ་དང་སྲིད་གཞུང་གིས་མཚོ་ཤར་གྲོང་ཁྱེར་ཡུལ་ཤུལ་ཁངས་ཆག་རོགས་སྐྱོར་འགོ་ཁྲིད་ཚན་ཆུང་བཙུགས་པ་དང་།  བྲེལ་མྱུར་ངང་སྐུལ་སློང་བཀོད་སྒྲིག་བྱས་ནས་རོགས་སྐྱོབ་བྱ་བ་སྤེལ།  ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་ཏང་ཨུ་དང་སྲིད་གཞུང་།  མི་དམངས་མང་ཚོགས་བཅས་ལ་གློག་འཕྲིན་བཏང་ནས་མཚམས་འདྲི་བྱས་ཤིང་།  ཚད་མཐོའི་རོགས་སྐྱོར་བྱེད་པར་ཡིད་འཐད་ཡོད་པའི་ལྷག་བསམ་སྦྱིན།

མཚོ་ཤར་གྲོང་ཁྱེར་གྱིས་ཡུལ་ཤུལ་ལ་བྲེལ་མྱུར་རོགས་སྐྱོར་མ་དངུལ་སྒོར་ས་ཡ་གཉིས་འདོན་སྤྲོད་བྱས་པ་དང་།  གཟན་རྩྭ་ཏུན་ལྔ་བརྒྱ་འདོན་སྤྲོད་བྱས།  བལ་ལྭ་དང་བལ་གདན།  གནོད་སྐྱོབ་དངོས་རྫས་སོགས་འབྲེལ་ཡོད་དངོས་རིགས་མྱུར་སྐྱེལ་བྱས་ནས་གནོད་ཐེབས་རྗེས་ཀྱི་བྱ་བར་རོགས་སྐྱོར་གང་ལེགས་གནང་།  དེ་མཉམ་དུ།  ཞིང་ཕྱུགས་ཐོན་ལས་ཅན་གྱི་སྣེ་འདྲེན་ཁེ་ལས་ཧུར་ཐག་སྒོས་རྩ་འཛུགས་བྱས་ཏེ་ཡུལ་ཤུལ་འབྲེལ་ཡོད་ལས་ཁུངས་དང་འབྲེལ་ཡོད་ཁེ་ལས་ལ་འབྲེལ་མཐུད་་ྱས་ནས་ཚོང་དོན་རོགས་སྐྱོར་བྱ་འགུལ་སྤེལ་བ་དང་།  ཡུལ་ཤུལ་ས་ཁུལ་གྱི་ཞིང་ཕྱུགས་ཐོན་རྫས་རྩ་འཛུགས་ཕྱིར་འཚོང་བྱས་ནས་ཁངས་ཆག་གནོད་འཚེའི་གྱོང་གུད་སེལ་བར་ཚད་མཐོའི་རོགས་སྐྱོར་བྱས་པ་རེད།