མདོ་ལ་རྫོང་གིས་གཞི་རིམ་བཅོས་སྐྱོང་གི་མ་དཔེ་ཆུང་བ་བཞི་གསར་འཛུགས་བྱས།
2019.02.23 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 42

ཉེ་བའི་ལོ་འགའི་རིང་།    མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མདོ་ལ་རྫོང་གིས་ཤེས་རབ་བདེ་འཇགས་ལ་དམ་དུ་དམིགས་ནས།  སྟེགས་བུ་དང་མཉམ་འགོག  ཞབས་ཞུ།  ཚོང་རྟགས་བཅས་ཕྱོགས་ཀྱི་མ་དཔེ་ཆུང་བ་བཞི་གསར་གཏོད་གསར་འཛུགས་བྱས་ནས།  རྩོད་གླེང་འགལ་ཟླ་དང་ཉེན་ཁའི་འབྱུང་རྐྱེན་ལ་མགོ་ཁུངས་ནས་དོགས་ཟོན་དང་གཞི་རིམ་ནས་མེད་པར་གཏོང་བའི་ཐབས་ཇུས་ལག་བསྟར་བྱས།

ཞིང་སྡེའི་ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་ཀྱི་ཁང་བ་གསུམ་དང་སྟེགས་བུ་གཅིག་ཞེས་པར་རྒྱབ་རྟེན་བཅོལ་ནས།  རྩོད་གླེང་འགལ་ཟླར་འགུལ་རྣམ་ཞིབ་བཤེར་དང་དུས་བཅད་རྩད་ཞིབ་བྱེད་པ་ཟུང་འབྲེལ་དང་།  ལས་བགོས་ལྟར་སྒྲུབ་པ་དང་དུས་ངེས་ཅན་དང་དུས་ངེས་མེད་ཀྱི་ཞིབ་འཇུག་བརྡར་གཅོད་བྱེད་པ་ཟུང་འབྲེལ།  ཐོ་འགོད་རྩིས་ལེན་དང་དུས་བཅད་བཅར་འདྲི་བྱེད་པ་ཟུང་འབྲེལ་སོགས་ཀྱི་བྱེད་ཐབས་སྤྱད་ནས།  དུས་ལྟར་འགལ་ཟླ་སྣ་ཚོགས་གཙང་སེལ་བྱས་པ་དང་མང་ཚོགས་ཀྱི་ཁ་ཚ་དགོས་གཏུག་གི་གནད་དོན་དང་ །  བདེ་འཇགས་རྐྱེན་ངན་གྱི་གནད་དོན་སོགས་ཐག་གཅོད་བྱས།

གཞི་རིམ་དྲ་མིག་དོ་དམ་བྱེད་ཐབས་ལ་རྒྱབ་རྟེན་བཅོལ་ནས། དྲ་མིག་མངའ་ཁོངས་ནས་ཁྱིམ་ཚང་བཅུ་རེ་བྱས་ནས་མཉམ་འགོག་ཚོ་ཆུང་བཙུགས་པ་དང་།  ལྟ་སྐྱོང་ཚན་གཙོ་རེ་བཀོད་སྒྲིག་བྱས་ནས།   མཉམ་འགོག་ཚོ་ཆུང་གི་རང་བདག་དོ་དམ་དང་རང་བདག་ལྟ་སྐུལ།  རང་བདག་ཞབས་ཞུ་བཅས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་པ་དང་།  རྩོད་གླེང་འགལ་ཟླར་མཉམ་འབྲེལ་སྡེབ་སྒྲིག་དང་བདེ་འཇགས་དོན་རྐྱེན་མཉམ་འགོག་མཉམ་འཛིན་དང་དབུལ་ཕོངས་ཁྱིམ་ཚང་ལ་མཉམ་འབྲེལ་རོགས་སྐྱོར་བྱས་།

དཀའ་ངལ་ཅན་གྱི་ཁྱིམ་ཚང་དང་ལོ་ལོན་ཁེར་འདུག  དབང་བོ་སྐྱོན་ཅན་དང་བཙོན་གྲོལ་པ་བཅས་ལ་ཆེད་དམིགས་ཀྱིས་སྨན་བཅོས་རོགས་སྐྱོབ་དང་ལས་གཉེར་སློབ་སྦྱོང་།  བཅའ་ཁྲིམས་སོགས་ཀྱི་ཕྱོགས་དང་གཞི་རིམ་བཅོས་སྐྱོང་ཐོན་ཁུངས་གཙོར་བཟུང་ནས་ཞབས་ཞུ་འདོན་སྤྲོད་བྱས།

ཁྲིམས་སྐྱོང་མདོ་ལ་ཞེས་པའི་འཛུགས་སྐྲུན་དམིགས་འབེན་ལ་དམིགས་ནས། ཞིང་གྲོང་དང་ལས་ཁུངས། སློབ་གླིང་དང་ལྗོངས་རྒྱུ་ཁུལ། ཚོང་ར་དང་ཁྱིམ་ཚང་། མཐའ་མཚམས་སོགས་ནས་བདེ་འཇགས་གཞི་རྩའི་ཚོང་རྟགས་གསར་གཏོད་ཀྱི་རྨང་གཞིའི་སྟེང་།  ཀུན་སྤྱོད་དཔེ་བཟང་དང་ཡ་རབས་དཔེ་ལེགས་ཅན་དཔྱད་འདེམས་བྱ་འགུལ་སྤེལ་ནས།  དཔལ་ཡོན་ལས་ཁུངས་དང་དཔལ་ཡོན་གྲོང་སྡེ་ཆགས་པར་སྐུལ་འདེད་གཏོང་བ་སོགས་བསམ་པའི་དཔལ་ཡོན་འཛུགས་སྐྲུན་གྱི་བྱེད་སྒོ་རབས་དང་རིམ་པ་སྤེལ།