ཉིས་སྟོང་བཅུ་བདུན་ལོར། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱིས་ལོ་གཅིག་ནང་གྲུབ་འབྲས་ལེན་པ་དང་ལོ་གཉིས་ནང་ཆུ་ཚད་མཐོར་འདེགས་གཏོང་བ། ལོ་གསུམ་ནང་འགྱུར་ལྡོག་ཆེན་པོ་འབྱུང་བའི་སྤྱིའི་བླང་བྱ་བཏོན་པ་རེད། ལོ་གཉིས་ཀྱི་ཐུན་མོང་བཅོས་སྒྲིག་བྱས་པ་བརྒྱུད། ཁུལ་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་གཙང་སྦྲར་འགྱུར་ལྡོག་ཆེན་པོ་བྱུང་བ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་གཙང་སྦྲའི་དོ་དམ་ཆུ་ཚད་སྔར་ལས་ཇེ་མཐོར་སོང་།
ཐུན་མོང་བཅོས་སྒྲིག་བྱ་འགུལ་སྤེལ་མགོ་བརྩམས་ནས་བཟུང་། རྨ་ལྷོ་ཁུལ་གྱིས་གཏན་འབེབས་བྱས་པའི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་གཙང་སྦྲའི་ཕྱོགས་བསྡུས་བཅོས་སྒྲིག་འགུལ་སྐྱོད་ཇུས་གཞི་བརྒྱུད་དེ། བྱ་བའི་དམིགས་ཚད་དང་ལྟ་ཞིབ་དཔྱད་སྡུར་བྱེད་ཐབས། ཏང་སྲིད་ཀྱིས་སྣེ་ཁྲིད་དང་སྡེ་ཁག་གིས་མཉམ་འབྲེལ། དམངས་ཡོངས་མཉམ་ཞུགས་བྱེད་པ་དང་། དུས་བཅད་ལྟར་གཙང་སེལ་བྱ་བའི་འོས་འགན་ནང་རྐྱེན་ལ་སྐུལ་འདེད་བཏང་ནས། ཁུལ་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་བྱ་འགུལ་ལ་རྒྱུན་ཆད་མེད་པའི་སྒུལ་ཤུགས་འདོན་སྤྲོད་བྱས།
གྲོང་ཁྱེར་དང་གྲོང་གསེབ་ཀྱི་བཙོག་ཆུ་དང་གད་སྙིགས་ཐག་གཅོད་རྣམ་གྲངས་སྐོར་ཞིག་ལག་བསྟར་བྱས་པ་ནས་སྤྱོད་ཁང་བརྒྱད་སྟོང་བརྒྱ་དང་སོ་གཅིག་བསྐྲུན། གྲོང་ཁྱེར་དང་གྲོང་གསེབ་ཀྱི་བཙོག་ཆུ་དང་འཚོ་བའི་གད་སྙིགས་གནོད་མེད་ཅན་གྱི་ཐག་གཅོད་བྱེད་ཚད་སོ་སོར་བརྒྱ་ཆའི་གོ་བཞི་དང་བརྒྱ་ཆའི་གྱ་གཅིག་དང་གྲངས་ཆུང་ལྔར་བསླེབས་ཡོད། ཧི་ནན་སོག་རིགས་རང་སྐྱོང་རྫོང་དེ་ཁུལ་ཁོངས་ཡོངས་ཀྱི་གནོད་མེད་གད་སྙིགས་དཔེ་སྟོན་རྫོང་དུ་གྱུར་པ་དང་། རྩེ་ཁོག་རྫོང་ནས་འཚོ་བའི་གད་སྙིགས་དྲ་མིག་ཅན་གྱི་དོ་དམ་བྱེད་ཐབས་འཚོལ་ཞིབ་བྱས་ནས་ཁྱད་ཆོས་ལྡན་པའི་རྩེ་ཁོག་གི་སྒྲུབ་སྟངས་མངོན་པས། ཞིང་ཆེན་ཡོངས་ཀྱི་གྲོང་གསེབ་སྡོད་དམངས་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་དཔེ་སྟོན་རྫོང་ཞེས་པའི་མིང་བྱང་བསྩལ་བ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་མི་སྡོད་ཁོར་ཡུག་ཆ་རྐྱེན་མཐའ་གཅིག་ཏུ་ལེགས་བཅོས་བྱུང་ཡོད།