གསར་འགོད་པས་ཞིང་ཆེན་སློབ་གསོ་ཐིན་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཉིས་སྟོང་བཅུ་དགུ་ལོར་མཚོ་སྔོན་ཞིང་ཆེན་གྱིས་སློབ་སྔོན་སློབ་གསོའི་བྱིས་གཉོར་ཁང་དུ་ཞུགས་ཚད་བརྒྱ་ཆའི་དགུ་བཅུར་སླེབས་པར་བྱེད་པ་དང་། འོས་འགན་སློབ་གསོའི་སྲ་བརྟན་ཚད་བརྒྱ་ཆའི་གོ་དྲུག་ལ་སླེབས་པར་བྱེད་པ། མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མའི་ལས་ཞུགས་ཚད་བརྒྱ་ཆའི་དགུ་བཅུ་ལས་མི་དམའ་བར་བྱེད་པ། གསར་འཛུགས་དང་བསྐྱར་འཛུགས་སློབ་གསོའི་ལས་གཞི་བཞི་བརྒྱའི་ཡན་ལག་བསྟར་བྱེད་པ་སོགས་ཕྱོགས་བརྒྱད་ཀྱི་དམིགས་ཚད་བླང་བྱ་ཡོངས་འགྲུབ་བྱེད་རྒྱུ་ཡིན་པ་དང་། གཏན་འཇགས་མ་དངུལ་སྒོར་ཐེར་འབུམ་གཉིས་དང་དུར་ཕྱུར་གཅིག་བརྩོན་ལེན་བྱས་ཏེ་དམངས་ཚིས་དོན་དངོས་ལྔ་ཡི་དམིགས་འབེན་ལས་འགན་ཡོངས་འགྲུབ་བྱེད་པར་འགན་སྲུང་བྱེད་རྒྱུ་རེད། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་། སློབ་གསོ་པུའུ་བཅས་ཀྱིས་བཏོན་པའི་བརྟན་འཇགས་ཁྲོད་འཕེལ་རྒྱས་བརྩོན་ལེན་བྱེད་པའི་བྱ་བའི་བླང་བྱ་གཞིར་བཟུང་ནས་ཉིས་སྟོང་བཅུ་དགུ་ལོར་མཚོ་སྔོན་ཞིང་ཆེན་ཡོངས་ཀྱིས་སློབ་སྔོན་སློབ་གསོ་དང་མཐོ་འབྲིང་དུས་རིམ་གྱི་སློབ་གསོ། དམིགས་བསལ་སློབ་གསོ་ཁྱབ་གདལ་དུ་གཏོང་བར་འབད་བརྩོན་བྱས་ཏེ་རྫོང་ཁོངས་ཀྱི་འོས་འགན་སློབ་གསོའི་དོ་མཉམ་འཕེལ་རྒྱས་དང་སློབ་གསོའི་དབུལ་ཐར་མཁྲེགས་གཏོར་དམིགས་འབེན་ཁྱོན་ཡོངས་ནས་ཡོངས་འགྲུབ་བྱེད་པར་འགན་སྲུང་བྱེད་རྒྱུ་རེད།