གློག་རྡུལ་ཚོང་ལས་ཀྱི་འཕེལ་རྒྱས་མྱུར་ཚད་དང་བསྟུན་ནས། དྲ་ཐོག་ཉོ་ཚོང་ནི་འཛད་སྤྱོད་ཀྱི་རྣམ་པ་གསར་བ་ཞིག་ཏུ་ཆགས་ནས། མང་ཚོགས་ཀྱི་འཚོ་བའི་ཁྲོད་དུ་འདྲེས་ཡོད། ཉེ་ལམ་ཞིང་ཆེན་ཚོང་ལས་ཐིན་གྱི་གཞི་གྲངས་ལས་མངོན་པ་ལྟར་ན། ཉིས་སྟོང་བཅོ་བརྒྱད་ལོར་ཞིང་ཆེན་ཡོངས་ཀྱི་གློག་རྡུལ་ཚོང་ལས་གྱི་ཚོང་རྒྱུག་ཚད་སྒོར་དུང་ཕྱུར་བདུན་བརྒྱ་དང་ཞེ་དགུ་གྲངས་ཆུང་དྲུག་ཏུ་སླེབས་ཡོད་ལ། དེ་དུས་མཉམ་དང་བསྡུར་ན་བརྒྱ་ཆའི་ཉེར་ལྔ་གྲངས་ཆུང་གསུམ་གྱིས་འཕར་འདུག དྲ་ཐོག་སིལ་ཚོང་གི་ཚད་དེ་དུང་ཕྱུར་ཉིས་བརྒྱ་དང་གོ་བདུན་གྲངས་ཆུང་བཞི་རུ་སླེབས་ལ། དུས་མཉམ་དང་བསྡུར་ན་བརྒྱ་ཆའི་སོ་བཞི་རུ་འཕར།
ད་ལོ་ནས་བཟུང་། མཚོ་སྔོན་གློག་རྡུལ་ཚོང་ལས་དཔལ་འབྱོར་འཕེལ་རྒྱས་ཀྱི་ཚད་མྱུར་བ་དང་བསྟུན་ནས། ཞིང་ཆེན་ནང་ཁུལ་དུ་དུས་རྒྱུན་དྲ་ཐོག་ཚོང་རྒྱག་ཆོག་པའི་ཞབས་ཞུའི་དྲ་ཚིགས་ཉིས་སྟོང་ལྔ་བརྒྱ་ཡོད་ལ། རྒྱལ་ནང་གི་སྟེགས་བུ་སོ་སོར་སྦྲེལ་བའི་དྲ་ཐོག་ཚོང་ར་འབུམ་གཉིས་དང་ཁྲི་གཉིས་ལྷག་ཡོད། དེ་ཟི་ལིང་གྲོང་ཁྱེར་ནས་སྤྱིའི་ཟིན་ཚད་བརྒྱ་ཆའི་གྱ་ལྔ་རེད་རེད་ལ། ཉིས་སྟོང་བཅོ་ལྔ་ལོ་ནས་ད་ལྟའི་བར་དུ་ཞིང་ཆེན་ཡོངས་ཀྱི་གློག་རྡུལ་ཚོང་ལས་ཀྱི་ལོ་ཧྲིལ་བོའི་ཚོང་རྒྱུག་ཚད་དེ་བརྒྱ་ཆའི་སོ་ལྔ་རུ་འཕར་འདུག