ཐུན་ཏེ་རྫོང་ཨུས་ད་ལོའི་བྱ་བ་བཀོད་སྒྲིག་བྱས་པ།
2019.03.01 ཁུངས། ཐུན་ཏེ་རྫོང་རྒྱང་སྒྲོག་བརྙན་འཕྲིན་ཁང་། ཀློག་གྲངས། 109

འཕྲིན་གཏོང་བ་ལྷ་བཟང་སྐྱབས་ཀྱིས་བཀོད་པའི་གསར་འགྱུར། 

ཉེ་ལམ་ཐུན་ཏེ་རྫོང་ཏང་ཨུས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅོ་ལྔ་བ་འཚོགས། ཚོགས་ཐོག་ཏུ་རྫོང་ཏང་ཨུ་དང་རྫོང་སྲིད་གཞུང་གིས་དཔལ་འབྱོར་འཕེལ་རྒྱས་ཀྱི་རྣམ་པ་གསར་བ་དང་འཕྲོད་ཅིང་ཕུགས་རིང་བོར་ཕན་འབྲས་ལྡན་པའི་བྱེད་ཐབས་སྣ་ཚོགས་སྤྱད་ནས་རྫོང་ཡོངས་ཀྱི་དཔལ་འབྱོར་བརྟན་འཇགས་ཀྱི་སྒོ་ནས་མྱུར་དུ་འཕེལ་རྒྱས་སུ་གཏོང་བ་དང་སྤུས་ལེགས་ཅན་གྱི་ཕྱོགས་སུ་བསྐྱོད་པར་ཧུར་བརྩོན་བྱེད་པ་དང་། དཔལ་འབྱོར་འཕེལ་རྒྱས་དང་མཁར་གྲོང་གཅིག་གྱུར་འཆར་འགོད།  སྐྱེ་ཁམས་འཛུགས་སྐྲུན་དང་དམངས་འཚོ་འགན་སྲུང་།  སྤྱི་ཚོགས་བཅོས་སྐྱོང་དང་རང་སྟོབས་འཛུགས་སྐྲུན་སོགས་རྫོང་ཡོངས་ཀྱི་མིག་སྔར་གྱི་འཕེལ་རྒྱས་རྣམ་པ་དང་བསྟུན་ནས་དབྱེ་ཞིབ་བྱས་པ་དང་།  2019ལོའི་རྫོང་ཡོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྤྱིའི་རེ་འདུན་དང་སྔོན་དཔགས་དམིགས་ཚད་སོགས་ཀྱི་ཐད་ནས་བླང་བྱ་བཏོན་པ་མ་ཟད།  ད་ལོའི་རྫོང་ཡོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་གཙོ་གནད་བྱ་བ་སོགས་བཀོད་སྒྲིག་བྱས།