མཚོ་ནུབ་ཁུལ་སྲིད་གཞུང་གིས་སྲིད་གཞུང་ཉོ་སྡུད་དྲ་ཐོག་ནས་ཚོད་ལྟའི་ངང་སྤེལ་རྒྱུ་རེད།
2019.03.05 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 34

ཟླ་གསུམ་པ་ནས་བཟུང“མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་སྲིད་གཞུང་གིས་སྲིད་གཞུང་ངོས་ཀྱི་གཞུང་སྒྲུབ་ཅ་ལག་དྲ་ཐོག་ཚོང་ར”ནས་ཉོ་སྡུད་བྱེད་རྒྱུ་རེད།

 སྲིད་གཞུང་གིས་དྲ་ཐོག་ནས་ཅ་ལག་ཉོ་སྡུད་་བྱེད་པ་ནི་སྲིད་གཞུང་གི་ཉོ་སྒྲུབ་བཅོས་བསྒྱུར་བྱེད་ཐབས་གསར་བ་ཞིག་ཡིན་པ་དང་ཉོ་སྒྲུབ་ཀྱི་མདུན་ལྗོངས་སྔར་ལས་རྒྱ་བསྐྱེད་ཅིང་། ཉོ་སྒྲུབ་ཀྱི་བརྒྱུད་རིམ་ཚད་ལྡན་ཅན་དུ་གཏོང་བ་དང་། ཉོ་སྒྲུབ་ཆ་འཕྲིན་ཅན་གྱི་དོ་དམ་མངོན་འགྱུར་བྱེད་པ། ཉོ་སྒྲུབ་སྟབས་བདེ་སོགས་ཀྱི་དགེ་མཚན་ཆེན་པོ་ཡོད་པ་རེད།

འབྲེལ་ཡོད་མི་སྣས་བཤད་པ་ལྟར་ན།  རྗེས་ཕྱོགས་སྲིད་གཞུང་གི་ཉོ་སྡུད་མི་སྣས་དྲ་ལམ་བརྒྱུད་ནས་ཉོ་འདོད་པའི་ཚོང་རྫས་ཉོ་ཐུབ་པ་དང་།  གོ་རིམ་ཚང་མ་དྲ་ཐོག་ནས་ལེགས་འགྲུབ་བྱེད་ཆོག་ཟེར།  དྲ་ཐོག་ཚོང་ར་ནི་མཚོ་ནུབ་ཁུལ་སྲིད་གཞུང་གི་ཉོ་སྡུད་བཅོས་བསྒྱུར་རྣམ་གྲངས་ཀྱི་བྱེད་ཐབས་གསར་བ་ཞིག་ཡིན་པ་དང་།  རྗེས་མར་ད་དུང་ཁུལ་རིམ་པའི་སྲིད་གཞུང་གིས་ཉོ་སྒྲུབ་ནང་དྲ་འཛུགས་སྐྲུན་དང་ཕྱི་ནང་དྲ་སྦྲེལ་འཛུགས་སྐྲུན་སོགས་ཆ་འཕྲིན་ཅན་གྱི་འཛུགས་སྐྲུན་རིམ་པ་བཞིན་འདོན་སྤེལ་བྱེད་རྒྱུ་རེད།