མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་ས་ཁུལ་སོ་སོ་ནས་ལེ་ཧྥུན་ལ་སློབ་སྦྱོང་བྱེད་པའི་དང་བླངས་ཞབས་ཞུའི་བྱ་འགུལ་སྤེལ།
2019.03.06 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 48

ཟླ་གསུམ་པའི་ཚེས་ལྔ་ཉིན་ནི་ཐེངས་ང་དྲུག་པའི་ལེ་ཧྥུན་སློབ་སྦྱོང་དྲན་གསོའི་ཉིན་མོ་ཡིན་ལ།  ཐེངས་ཉི་ཤུ་པའི་ཀྲུང་གོའི་ན་གཞོན་དང་བླངས་བའི་ཞབས་ཞུའི་ཉིན་མོའང་ཡིན། དྲན་གསོའི་ཉིན་མོའི་སྔ་གཞུག་ཏུ། ཞིང་ཆེན་ཡོངས་ནས་ལང་ཚོའི་གཟི་ཉམས་ཀྱིས་དུས་རབས་གསར་བ་བསྐྲུན། དཔའ་ངར་ཞུམ་མེད་ཀྱིས་གཞི་རིམ་འཛུགས་སྐྲུན་བྱེད་ཅེས་པ་བརྗོད་གཞི་ཡིན་པའི་ལེ་ཧྥུན་ལ་སློབ་སྦྱོང་བྱེད་པའི་དང་བླངས་ཞབས་ཞུའི་བྱ་འགུལ་སྤེལ།

ཟླ་གསུམ་པའི་ཚེས་གཅིག་ཉིན་ནས་ཚེས་སོ་གཅིག་ཉིན་བར་ནི་ཞིང་ཆེན་ཡོངས་ནས་ལེ་ཧྥུན་ལ་སློབ་སྦྱོང་བྱེད་པའི་དང་བླངས་ཞབས་ཞུའི་བྱ་འགུལ་ཉིན་མོར་གཏན་ཁེལ་བྱས། གཏན་ཁེལ་བྱས་པའི་ཉིན་དེ་དག་ལ།  ཞིང་ཆེན་ཡོངས་ནས་ནན་ཏན་སྒོས་རིགས་མི་འདྲ་བའི་ཁོར་ཡུག་སྲུང་སྐྱོབ་ཀྱི་དང་བླངས་ཞབས་ཞུའི་བྱ་འགུལ་སྤེལ་བ་དང་། ཞིང་བ་ཞོར་ལས་པའི་བྱིས་པར་བརྩེ་སེམས་འབུལ་ཞེས་པའི་དང་བླངས་ཞབས་ཞུའི་བྱ་འགུལ་གཏིང་ཟབ་ཏུ་སྤེལ་བ།  རྒན་པ་དང་དབང་བོ་སྐྱོན་ཅན་ལ་རོགས་སྐྱོར་བྱེད་པའི་དང་བླངས་ཞབས་ཞུའི་བྱ་འགུལ་རྒྱ་ཁྱབ་ཏུ་སྤེལ་ཏེ།  ལེ་ཧྥུན་སྙིང་སྟོབས་མུ་མཐུད་དུ་རྒྱུན་འཛིན་དང་དར་སྤེལ་། ཉམས་ལེན་དུ་འདེབས་པ་བཅས་བྱས་ཏེ། ལེ་ཧྥུན་ལ་སློབ་སྦྱོང་བྱེད་པའི་དང་བླངས་ཞབས་ཞུ་བྱ་འགུལ་གྱིས་སྤྱི་ཚོགས་ཡོངས་ཀྱི་དར་སྲོལ་ཇེ་བཟང་དུ་འགྱུར་བར་སྐུལ་འདེད་བཏང་།