མཚོ་བྱང་ཁུལ་གྱིས་ཡུལ་ཤུལ་ལ་སྒོར་ས་ཡ་གཅིག་གི་རོགས་སྐྱོར་ཞལ་འདེབས་ཕུལ།
2019.03.07 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 29

ཟླ་གཉིས་པའི་ཚེས་ཉེར་བརྒྱད་ཉིན།  མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་དམངས་སྲིད་ཅུའི་ཆ་འཕྲིན་ལྟར་ན།  ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་ལ་བྱུང་མ་མྱོང་བའི་ཁངས་གནོད་ཆེན་པོ་བྱུང་བར་ཁ་གཏད་ནས།  མཚོ་བྱང་ཁུལ་ཏང་ཨུ་དང་།  ཁུལ་སྲིད་གཞུང་གིས་ཁངས་གནོད་རོགས་སྐྱོར་མ་དངུལ་སྒོར་ས་ཡ་གཅིག་ཞལ་འདེབས་ཕུལ་ཏེ།  ཡུལ་ཤུལ་ཁུལ་གྱི་གནོད་ཐེབས་མང་ཚོགས་ཀྱི་འཚོ་བའི་རོགས་སྐྱོར་སོགས་ཀྱི་ཕྱོགས་ལ་བཀོལ་རྒྱུ་རེད།

རང་བྱུང་གནོད་འཚེ་ལ་སྙིང་རྗེ་མེད་ཀྱང་མགོ་ནག་མི་ལ་སྙིང་རྗེ་ལྡན། མཚོ་བྱང་ཁུལ་ཏང་ཨུ་དང་ཁུལ་སྲིད་གཞུང་ཀྱིས་རོགས་སྐྱོར་གྱི་ཕྱག་ཟུང་ཡུལ་ཤུལ་གནོད་ཐེབས་ས་ཁུལ་དུ་བརྐྱངས་ཏེ། སྒོར་ས་ཡ་གཅིག་གི་རོགས་སྐྱོར་ཞལ་འདེབས་མ་དངུལ་དུས་ཐོག་ཏུ་གནོད་ཁུལ་ཏུ་བསྐྱལ་བ་དང་། མཚོ་བྱང་ཁུལ་ཏང་ཨུ་དང་ཁུལ་སྲིད་གཞུང་། ཁུལ་ཡོངས་ཀྱི་ལས་བྱེད་མང་ཚོགས་ཀྱི་བརྩེ་བས་ཕུལ་བའི་སྙིང་རྗེ་ཆེན་པོ་དང་དོ་ཁུར་གནོད་ཐེབས་མང་ཚོགས་ལ་ཕུལ་བར་མ་ཟད། ཡུལ་ཤུལ་གནོད་འགོག་ཕྱུགས་སྐྱོབ་དང་ཁངས་གནོད་ལས་རྣམ་པར་རྒྱལ་བར་སྐུལ་འདེད་བཏང་།