མཚོ་སྔོན་ཞིང་ཆེན་གྱི་རྫོང་དང་ཁྲུའུ་རིམ་པའི་མི་རིགས་ལས་བྱེད་པའི་གསོ་སྦྱོང་འཛིན་གྲྭ་པེ་ཅིང་ནས་ཚོགསའགོ་ཚུགས།
2019.03.08 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 46

ཟླ་གསུམ་པའི་ཚེས་བཞི་ཉིན། ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་ཡིས་གཙོ་སྒྲུབ་དང་ཀྲུང་དབྱང་མི་རིགས་ལས་བྱེད་སློབ་གླིང་།  ཞིང་ཆེན་ཏང་གི་སློབ་གྲྭ  ཞིང་ཆེན་མི་རིགས་ཆོས་ལུགས་ཨུ་ཡོན་ལྷན་ཁང་བཅས་ཀྱིས་འགན་སྒྲུབ་གནང་བའི་སྐབས་བཅུ་གསུམ་པའི་རྫོང་རིམ་པའི་མི་རིགས་ལས་བྱེད་པའི་གསོ་སྦྱོང་འཛིན་གྲྭ་པེ་ཅིང་ནས་ཚོགས་འགོ་ཚུགས།  ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར་དང་ཁུལ་སོ་སོ་དང་ཞིང་ཆེན་ཐད་གཏོགས་འབྲེལ་ཡོད་ལས་ཁུངས་ཀྱི་རྫོང་དང་ཁྲུའུ་རིམ་པའི་མི་རིགས་ལས་བྱེད་པ་བཞི་ཅུ་གསོ་སྦྱོང་ལ་ཞུགས་པ་དང་།  དུས་ཡུན་ཟླ་གཅིག་རེད།

ཐེངས་འདིའི་གསོ་སྦྱོང་སྐབས་སུ། ཀྲུང་དབྱང་མི་རིགས་ལས་བྱེད་སློབ་གླིང་གིས་གཞི་རྩའི་གཞུང་ལུགས་དང་གནད་དོན་གལ་ཆེན།  མི་རིགས་གཞུང་ལུགས་དང་མི་རིགས་ལས་དོན།  འགོ་ཁྲིད་ནུས་པ་དང་མི་ཆོས་བྱང་ཚད་བཅས་རིགས་གསུམ་བགར་ནས།  རྒྱལ་ཁབ་པུའུ་ཨུ་ཡོན་ལྷན་ཁང་དང་མིང་གྲགས་ཆེ་བའི་སློབ་གླིང་གི་ཆེད་ལས་མཁས་པ་གདན་ཞུ་བྱས་ཏེ། ཆེད་དོན་འཆད་ཁྲིད་དང་།  ཡུལ་དངོས་སུ་སློབ་ཁྲིད་བྱེད་པ།  ཆེད་དོན་བགྲོ་གླེང་།  གསུང་རབ་ཀློག་འདོན་བཅས་ཀྱི་སློབ་སྦྱོང་བྱེད་ཐབས་ལག་ལེན་བྱས།  ལྷག་པར་དུ་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་དང་།  ཏང་གི་ཚོགས་ཆེན་བཅུ་དགུ་བའི་དགོངས་དོན།  རྩ་ཁྲིམས་དང་།  གྲོང་གསེབ་དར་སྤེལ་གཏོང་བའི་ཐབས་ཇུས།  སྐྱེ་ཁམས་རིག་གནས།  མཉམ་འབྲེལ་དྲ་རྒྱ།  ཏང་གི་མི་རིགས་ཆོས་ལུགས་སྲིད་ཇུས་སོགས་ཀྱི་ནང་དོན་ལ་སློབ་སྦྱོང་བྱེད་རྒྱུ་རེད།

རྒྱུས་ལོན་བྱུང་བའི་གནས་ཚུལ་ལྟར་ན།   ཟླ་གཅིག་གི་སློབ་སྦྱོང་མཇུག་བསྡུས་རྗེས།  མཚོ་སྔོན་ཞིང་ཆེན་ཏང་གི་སློབ་གྲྭ་ནས་ཉིན་བཅོ་ལྔའི་རིང་མཚོ་སྔོན་ཞིང་ཆེན་གནས་ཚུལ་ཕྱོགས་ལ་སློབ་སྦྱོང་བྱེད་རྒྱུ་རེད།