མཚོ་སྔོན་ཞིང་ཆེན་གྱིས་དུ་ནག་གཅོད་པའི་བྱ་བའི་གྲོས་ཚོགས་བསྡུས།
2019.03.11 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 63

ཟླ་གསུམ་པའི་ཚེས་བརྒྱད་ཉིན།  ཉིས་སྟོང་བཅུ་དགུ་ལོའི་མཚོ་སྔོན་ཞིང་ཆེན་གྱི་དུ་ནག་གཅོད་པའི་བྱ་བའི་གྲོས་ཚོགས་ཟི་ལིང་ནས་བསྡུས།  ཀྲུང་དབྱང་སྲིད་ཁྲིམས་བྱ་བའི་གྲོས་ཚོགས་དང་རྒྱལ་ཡོངས་ཁྲིམས་འཛིན་ཐིན་ཅུའུ་ཀྲང་གྲོས་ཚོགས།  ཞིང་ཆེན་ཏང་ཨུའི་སྲིད་ཁྲིམས་བྱ་བའི་གྲོས་ཚོགས།  རྒྱལ་ཡོངས་ཁྲིམས་འཛིན་སྲིད་འཛིན་དུ་ནག་གཅོད་པའི་ཁོངས་གཏོགས་བརྙན་ལམ་གྲོས་ཚོགས་དང་མཚོ་སྔོན་ཞིང་ཆེན་ཁྲིམས་འཛིན་སྲིད་འཛིན་བྱ་བའི་གྲོས་ཚོགས་དགོངས་དོན་བཅས་བརྒྱུད་སྒྲོག་དང་ཕྱོགས་ཡོངས་དངོས་འབེབས་བྱེད་པ་དང་།  ཉིས་སྟོང་བཅོ་བརྒྱད་ལོའི་བྱ་བར་སྤྱི་སྡོམ་བྱས་ཏེ་ད་ལོའི་བྱ་བར་བཀོད་སྒྲིག་གང་ལེགས་བྱས།

ཚོགས་འདུ་ལས་བསྟན་དོན།  ཉིས་སྟོང་བཅོ་བརྒྱད་ལོར།  མཚོ་སྔོན་ཞིང་ཆེན་དུ་ནག་གཅོད་པའི་ལས་དོན་གྱིས་མཚོ་སྔོན་ཞིང་ཆེན་ཁྲིམས་འཛིན་སྲིད་འཛིན་བྱ་བའི་བཞུགས་མོལ་གྲོས་ཚོགས་ཀྱིས་བཀོད་སྒྲིག་བྱས་པའི་བྱ་བའི་ལས་འགན་དང་བླང་བྱ་ལྟར།  ལྟེ་བར་དམིགས་པ་དང་ཁྱོན་ཡོངས་ཞབས་ཞུ་རྒྱུན་འཁྱོངས་བྱས་པ་དང་།  གཙོ་གནད་འབུར་ཐོན་ཡོང་བར་བྱེད་པ་དང་དཀའ་གནད་སེལ་བར་འབད་བརྩོན་བྱས།  ཞིང་ཆེན་ཡོངས་ཀྱི་དུ་ནག་གཅོད་པའི་ཁོངས་གཏོགས་ཀྱི་ཆབ་སྲིད་དང་།བྱེད་སྒོ།  འགན་སྲུང་།  དྲིལ་སྒྲོག་བཅས་ཀྱི་ནུས་པ་བཞི་ལ་གྲུབ་འབྲས་གསར་བ་བླངས།

ཚོགས་འདུ་ལས་ནན་གྱིས་བསྟན་དོན།  ཉིས་སྟོང་བཅུ་དགུ་ལོར་བདེ་འཇགས་བརྟན་བརླིང་གི་རྩ་བའི་ལས་འགན་དོན་འཁྱོལ་བྱེད་པ་དང་།  དུ་ནག་གཅོད་པའི་སྨན་བཅོས་དང་ལས་ཡུལ་འཛུགས་སྐྲུན།  དཔུང་སྡེ་འཛུགས་སྐྲུན་བཅས་ཀྱི་འགན་སྲུང་ཆེན་པོ་གསུམ་གྱི་འཕེལ་རྒྱས་རོགས་སྐྱོར་དམ་འཛིན་བྱས་ཏེ།  ཕྱོགས་ཡོངས་ནས་མཚོ་སྔོན་ཞིང་ཆེན་གྱི་དུ་ནག་གཅོད་པའི་བྱ་བའི་སྤུས་ཚད་མཐོར་འདེགས་དང་མགྱོགས་མྱུར་འཕེལ་རྒྱས་གཏོང་དགོས་ཟེར།