མཚོ་སྔོན་ཞིང་ཆེན་གྱིས་ནུས་པ་གང་ཡོད་བཏོན་ནས་མང་ཚོགས་ཀྱི་སྨན་བཀོལ་བདེ་འཇགས་འགན་སྲུང་བྱེད་རྒྱུ་རེད།
2019.03.12 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 50

ད་ལོར།  ཞིང་ཆེན་སྲིད་གཞུང་དང་ཞིང་ཆེན་ཁྲོམ་རའི་ལྟ་སྐུལ་དོ་དམ་ཅུས་བཀོད་སྒྲིག་བླང་བྱ་ལྟར།  ཞིང་ཆེན་སྨན་རྫས་ལྟ་སྐུལ་དོ་དམ་ཅུས“མགོ་བརྩམས་པ་ནི་རྒྱལ་ཕམ་གྱི་གཡུལ་འགྱེད་ཡིན།”པའི་འདུ་ཤེས་བརྟན་པོར་བཙུགས་ནས། “སྲིད་ཇུས་ལག་ལེན་ལོའི”བརྗོད་སྙིང་དམ་འབྲེལ་ཏེ།  ལོ་ཧྲིལ་བོའི་བྱ་བ་གལ་ཆེན་ལ་དམིགས་ནས་སྨན་རྫས་བདེ་འཇགས་ཀྱི“ཉིན་བརྒྱའི་མཁྲེགས་གཏོར”ཆེད་དོན་འགུལ་སྐྱོད་རྒྱུན་ཆད་མེད་པར་སྤེལ་རྒྱུ་རེད།

“ཉིན་བརྒྱའི་མཁྲེགས་གཏོར”འགུལ་སྐྱོད་ཁྲོད་དུ།  ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་སྨན་རྫས་ལྟ་སྐུལ་དོ་དམ་སྡེ་ཁག་གིས་གནད་དོན་ཁྲིད་ཕྱོགས་དང་ཚད་མཐའི་བསམ་བློ་རྒྱུན་འཁྱོངས་བྱས་ཏེ།  སྐབས་གཉིས་དང་ཚོགས་ཆེན་གཉིས་ཀྱི་སྨན་རྫས་བདེ་འཇགས་ཆེད་དོན་བཅོས་སྒྲིག་གཙིགས་སུ་བཟུང་སྟེ། སྨན་རྫས་བདེ་འཇགས་དང་ཉེན་ཁར་རྩད་གཅོད་བཅོས་སྐྱོང་གཏིང་ཟབ་སྤེལ་ནས།  ནུས་ཤུགས་གང་ཡོད་ཀྱིས་རིགས་སོ་སོའི་མང་ཚོགས་ཀྱི་སྨན་བཀོལ་བདེ་འཇགས་འགན་སྲུང་ལ་ཕན་འབྲས་ཐོབ་པར་བྱེད་པ་དང་། ཞིང་ཆེན་ཡོངས་ཀྱི་སྨན་རྫས་བདེ་འཇགས་གནས་བབ་མུ་མཐུད་དུ་གཏན་འཇགས་ཡོང་བར་ཁག་ཐེག་བྱེད་རྒྱུ་རེད།