རྨ་ཆེན་རྫོང་གིས3.15་སྔོན་གྱི་ཚོང་རའི་ཞིབ་བཤེར་ཆེན་པོའི་བྱ་འགུལ་སྤེལ།
2019.03.15 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 21


3.15འཛད་སྤྱོད་པའི་ཁེ་དབང་ཉིན་མོའི་སྔོན་དུ། རྒྱ་ཆེའི་འཛད་སྤྱོད་པའི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོབ་བྱེད་པ་དང་། འཆམ་མཐུན་དང་བདེ་འཇགས་ཀྱི་འཛད་སྤྱོད་ཁོར་ཡུག་བཟང་བོ་ཞིག་བསྐྲུན་ཆེད། ཟླ་གསུམ་པའི་ཚེས་ལྔ་ཉིན་ནས་ཚེས་བཅུ་ཉིན་བར། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་ཆེན་རྫོང་ཚོང་ར་ལྟ་སྐུལ་དོ་དམ་ཅུའུ་ཡིས་རྫོང་ཡོངས་ཀྱི་ཁྱབ་ཁོངས་ནང་དུས་ཡུན་ཉིན་ལྔ་རིང་གི་ཚོང་རའི་ཞིབ་བཤེར་ཆེན་པོའི་བྱ་འགུལ་སྤེལ།

ཁྲིམས་འཛིན་མི་སྣས་གཙོ་བོར་བཟའ་བཏུང་དང་སློབ་རའི་ཟ་ཁང་ཁོར་ཡུག་གི་གཙང་སྦྲ། དུས་ཡུན་བརྒལ་བའི་ཟས་རིགས་དང་ཟས་རིགས་རྒྱུ་ཆས་སོགས་ཀྱི་གནས་ཚུལ་ཞིབ་བཤེར་བྱས་ནས། ཚོང་བས་ཚོང་ནང་འདྲེན་བྱེད་སྐབས་ཞིབ་བཤེར་ནན་མོ་བྱེད་པ་དང་ཉོ་ཚོང་འཛིན་ཡིག་ལེན་པ་སོགས་ཀྱི་ལམ་ལུགས་ལག་བསྟར་ནན་མོ་བྱེད་པ་དང་། ཉོ་ཚོང་དུས་རིམ་གྱི་ཟས་རིགས་ཚོང་ཟོག་ནང་འདྲེན་བྱེད་པ་དང་ཕྱིར་འཚོང་བའི་འགག་སྒོ་དམ་སྲུང་བྱེད་པར་སྐུལ་འདེད་བཏང་། ཞིབ་བཤེར་སྐབས་སུ། ཁྲིམས་འཛིན་མི་སྣས་གཞུང་བཞེས་བཏང་བའི་ཚོང་རྫད་རྫུན་མའི་ཁྲོད་ཟས་རིགས་དང་ཆང་རིགས་སོགས་རིགས་ཆེན་པོ་བཞི་དང་སྣ་བརྒྱད་འདུ་ལ། སྒོར་མོར་བཅག་ན་བསྡོམས་པས་སྒོར་ཁྲི་གཅིག་དང་སྟོང་གཅིག་ལྔ་བརྒྱ་རེད། དེ་དང་མཉམ་དུ། སྔོན་དུས་ཞིབ་བཤེར་ལ་ཟུང་འབྲེལ་བྱས་ནས། གནད་དོན་ཅུང་མང་བའི་ཚོང་ཁང་ལ་ཡང་བསྐྱར་ཞིབ་བཤེར་བྱས་ཏེ། དག་ཐེར་ལེགས་བཅོས་བཟང་བོ་བྱེད་པ་དང་། བདེ་འཇགས་ཐད་ཀྱི་ཉེན་ཁ་མེད་པར་བཟོ་བར་ཁག་ཐེག་བྱས།