མཚོ་སྔོན་ཞིང་ཆེན་གྱི་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་རྩེ་ཁོག་རྫོང་ལ་ཚད་རིམ་བཞི་ཚེག་གསུམ་ཅན་གྱི་ས་འགུལ་བྱུང་།
2019.03.15 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 51

ཀྲུང་གོའི་ས་འགུལ་དྲ་བའི་ཚད་འཇལ་གཏན་འཁེལ་བྱས་པ་ལྟར་ན།  ཟླ་གསུམ་པའི་ཚེས་བཅུ་བཞི་ཉིན་གྱི་དུས་ཚོད་གཅིག་དང་སྐར་མ་སོ་གཉིས་སྟེང་། མཚོ་སྔོན་ཞིང་ཆེན་གྱི་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་རྩེ་ཁོག་རྫོང་ལ་ཚད་རིམ་བཞི་ཚེག་གསུམ་ཅན་གྱི་ས་འགུལ་བྱུང་།  ས་འགུལ་གཏིང་ཚད་སྤྱི་ལེ་བཅུ་ཡིན།  ཐེངས་འདིའི་ས་འགུལ་ལྟེ་བ་ནས་རྩེ་ཁོག་རྫོང་རྡོ་དཀར་མོ་ཞང་དུ་སྤྱི་ལེ་བཅུ་ཡོད་པ་དང་དཔྱི་ས་ཞང་དང་ཕལ་ཆེར་སྤྱི་ལེ་བཅུ་གསུམ།  རྩེ་ཁོག་རྫོང་ཐོག་དང་སྤྱི་ལེ་སོ་གསུམ།   ཧི་ནན་རྫོང་ཐོག་དང་སྤྱི་ལེ་སོ་ལྔ།  ཐུན་རིན་རྫོང་ཐོག་དང་སྤྱི་ལེ་རེ་གསུམ་ཡོད།

ས་འགུལ་བྱུང་རྗེས།  ཞིང་ཆེན་ས་འགུལ་ཅུས་ཀྱིས་བྲེལ་མྱུར་སྒོས་ས་འགུལ་འཕྲལ་བསྟུན་IVརིམ་པའི་ཚོད་ལེན་བྱེད་འགོ་བརྩམས་པ་དང་།  ཁ་པར་བཏང་ནས་ས་འགུལ་བྱུང་སའི་འབྲེལ་ཡོད་གནས་ཚུལ་རྒྱུས་ལོན་བྱས།  ཞིང་ཆེན་ས་འགུལ་ཅུའུ་ཡི་ཅུའུ་ཀྲང་གཞོན་པའི་འགོ་ཁྲོད་པའི་ལས་བྱེད་མི་སྣ་ལྔ་མྱུར་དུ་ཡུལ་དངོས་སུ་སོང་།  རྨ་ལྷོ་ཁུལ་དང་རྫོང་། ཞང་སྲིད་གཞུང་བཅས་ཀྱིས་ལས་དོན་ཚོ་ཆུང་མངགས་ནས་ས་འགུལ་བྱུང་སར་སོང་སྟེ་གནས་ཚུལ་རྒྱུས་ལོན་ཞིབ་མོ་བྱས།

རྒྱུས་ལོན་པའི་གནས་ཚུལ་ལྟར་ན།  རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་རྩེ་ཁོག་རྫོང་ཐོག་དང་།  ཧི་ནན་སོག་རིགས་རང་སྐྱོང་རྫོང་རྫོང་ཐོག  ཐུན་རིན་རྫོང་མཁར།  མཚོ་ཤར་གྲོང་ཁྱེར་ཞུན་ཧྭ་ས་ལར་རིགས་རང་སྐྱོང་རྫོང་བཅས་སུ་ཐེངས་འདིའི་ས་འགུལ་གྱི་ཚོར་ཡོད་པ་རེད།  མིག་སྔར་མི་སྣར་ཤི་རྨས་ཐེབས་པའི་གནས་ཚུལ་དང་རྒྱུ་ནོར་ལ་གྱོང་གུད་ཐེབས་པའི་གནས་ཚུལ་བྱུང་མེད་པ་དང་གནས་ཚུལ་གཞན་དག་ལ་སྔར་བཞིན་རྒྱུས་ལོན་བྱེད་བཞིན་ཡོད།  ས་ཁུལ་དེར་ཉིས་སྟོང་བཅུ་བདུན་ལོའི་ཟླ་བཅུ་གཉིས་པའི་ཚེས་བཅོ་ལྔ་ཉིན་ཡང་རིམ་པ་བཞི་ཚེག་དགུ་ཅན་གྱི་ས་འགུལ་བྱུང་མྱོང་།