མཚོ་ནུབ་ཁུལ་གྱིས་ལྗང་མདོག་ཐཱན་ཉུང་འཁོར་རྒྱུག་འཕེལ་རྒྱས་ཀྱི་རིམ་སྤོར་པར་གཞི་ཤུགས་ཆེན་པོས་བསྐྲུན།
2019.03.16 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 22

ཉེ་ལམ།  གསར་འགོད་པས་མཚོ་ནུབ་ཁུལ་སྲིད་གཞུང་ནས་རྒྱུས་ལོན་པའི་གནས་ཚུལ་ལྟར་ན།  མཚོ་ནུབ་ཁུལ་གྱིས་སྐྱེ་ཁམས་སྔོན་ལ་འཇོག་པ་དང་ལྗང་མདོག་འཕེལ་རྒྱས་འདུ་ཤེས་བརྟན་པོ་འཛུགས་པ །  གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འཐབ་ཇུས་གཏིང་ཟབ་སྤེལ །   ཐོན་ལས་རིགས་བསྒྱུར་རིམ་སྤོར་བྱེད་ཚད་ཇེ་མགྱོགས་སུ་བཏང་།  ལྗང་མདོག་ཐཱན་ཉུང་འཁོར་རྒྱུག་འཕེལ་རྒྱས་གཙོ་ཐིག་རྒྱུན་འཁྱོངས་བྱས་ཏེ།  འཁོར་རྒྱུག་འཕེལ་རྒྱས་ཏེ་ལྗང་མདོག་ཐཱན་ཉུང་འཁོར་རྒྱུག་འཕེལ་རྒྱས་སུ་བསྒྱུར་བ་དང་ནུས་ཁུངས་གཞི་འཛིན་པ་ནས་གསར་གཏོད་སྒུལ་ནུས་སུ་བསྒྱུར་བ་དང་།  བྱེད་ཐབས་སྣ་མང་ལག་བསྟར་བྱས་ཏེ་ཐོན་ཁུངས་ལེགས་ཆ་གཞིར་བཟུང་ནས་མཚོ་ནུབ་ཁུལ་ལྗང་མདོག་ཐཱན་ཉུང་འཁོར་རྒྱུག་འཕེལ་རྒྱས་རིམ་སྤོར་པར་གཞི་བསྐྲུན་པར་ནུས་པ་ཧུར་ཐག་བཏོན།

ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་སྤྱིའི་བཀོད་སྒྲིག་ལ་དམིགས་ནས།  སྔར་ལས་ལྷག་པའི་སྒོ་ནས་འཕེལ་རྒྱས་བསམ་བློའི་ཁ་ཕྱོགས་དང་གཙོ་གནད་ངོས་འཛིན་གསལ་བོ་བྱས་པ་དང་།  རིམ་པ་བཞིན་འཁོར་རྒྱུག་དཔལ་འབྱོར་འཕེལ་རྒྱས་སྒྲིག་སྲོལ་དང་སྲིད་ཇུས་སྐུལ་འདེད་ཀྱི་ཁོར་ཡུག་ལེགས་པོ་བསྐྲུན། འཕེལ་རྒྱས་ཀྱི་འདུ་ཤེས་ཆེན་པོ་ལྔ་བརྟན་པོར་བཙུགས་ནས།  འདོན་སྤྲོད་ཕྱོགས་ཀྱི་གྲུབ་ཚུལ་བཅོས་བསྒྱུར་གྱིས་སྣེ་ཁྲིད་བྱེད་པ་རྒྱུན་འཁྱོངས་དང་རྒྱུད་གཅིག་ལམ་གཅིག་འཛུགས་སྐྲུན་དང་མཉམ་བསྲེས་ཀྱིས།   ཁྱད་ཆོད་མངོན་པར་གསལ་ཞིང་ཚོང་རྟགས་མིང་གྲགས་ཆེ་བ།   བདེ་ཐང་གོ་རིམ་ལྡན་པའི་འཁོར་རྒྱུག་དཔལ་འབྱོར་འཕེལ་རྒྱས་ཀྱི་ལམ་ཆེན་སྟེང་བགྲོད་རྒྱུ་རེད།