ན་གོར་མོ་གྲོང་ཁྱེར་གྱིས“འདྲི་རྟོག་ཆེན་མོ་དང་བརྟག་སེལ་ཆེན་མོ་དང་རྟོག་ཞིབ་ཆེན་མོའི”བྱ་འགུལ་སྤེལ།
2019.03.19 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 55

ལས་རིགས་སོ་སོའི་ཇུས་ཆོད་བཀོད་སྒྲིག་དངོས་འབེབས་དང་གྲུབ་འབྲས་ལོན་པར་སྐུལ་འདེད་གཏོང་ཆེད།  མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་ན་གོར་མོ་གྲོང་ཁྱེར་གྱིས“འདྲི་རྟོག་ཆེན་མོ་དང་བརྟག་སེལ་ཆེན་མོ་དང་རྟོག་ཞིབ་ཆེན་མོའི”བྱ་འགུལ་སྤེལ། བྱ་འགུལ་སྤེལ་བ་བརྒྱུད་ནས་མང་ཚོགས་ཀྱི་ཐོབ་ཚོར་དང་བདེ་སྐྱིད་ཚོར་བ་དང་བདེ་འཇགས་ཚོར་བ་བཅས་རིམ་གྱིས་ཇེ་དྲག་ཏུ་སོང་།

ཐེངས་འདིའི་བྱ་འགུལ་རིམ་པ་གསུམ་དུ་དབྱེ་ཡོད་པ་སྟེ། གཅིག་གྱུར་འཆར་འགོད་རྩ་དོན་གཞིར་བཟུང་སྟེ།  ཚོར་སྐྱེན་དུས་སྟོན་སྐབས་ཀྱི་བྱ་བ་དམིགས་སུ་བཟུང་སྟེ་དམ་འཛིན་བྱེད་པ། འབྱུང་རྩར་བཅོས་སྐྱོང་བྱེད་པ་རྒྱུན་འཁྱོངས་བྱས་ཏེ་རྩོད་གླེང་གཞི་རིམ་ནས་ཞི་འཇགས་སུ་གཏོང་བ་དང་མ་བྱུང་སྔོན་དུ་ཐག་གཅོད་བྱེད་པ།  རྩ་ལག་མཉམ་བཅོས་རྒྱུན་འཁྱོངས་བྱས་ཏེ་གཙོ་གནད་ཁྱབ་ཁོངས་དང་གཙོ་གནད་ཚོགས་པའི་དོ་དམ་ཞབས་ཞུའི་ལས་དོན་གཙིགས་སུ་འཛིན་པ།  མང་ཚོགས་ལམ་ཕྱོགས་རྒྱུན་འཁྱོངས་བྱས་ཏེ་མི་དམངས་མང་ཚོགས་ཀྱི་ཆེད་དུ་བྱ་བ་དངོས་སྒྲུབ་པ་དང་བྱ་བ་བཟང་པོར་བསྒྲུབ་པ།

བྱ་འགུལ་སྤེལ་བ་བརྒྱུད།  ན་གོར་མོ་གྲོང་ཁྱེར་གྱི་འཕེལ་རྒྱས་སྐས་རིམ་གྱི་ཁྱད་ཆོས་ལ་དམིགས་ནས་གྲོང་ཁྱེར་གྱི་གནས་ཚུལ་དངོས་རྒྱུས་ལོན་གཏིང་ཟབ་བྱས་པ་དང་།  འཐབ་ཇུས་ནུས་ཤུགས་སྲུང་འཛིན་དང་ཚད་མཐའི་བསམ་བློ་དངོས་སུ་མཐོར་འདེགས་བཏང་།  འགན་ཁུར་ཕོད་ཞིང་གདོང་གཏོད་ཐུབ་པའི་སྙིང་སྟོབས་ཀྱིས་འདྲི་རྟོག་དང་བརྟག་སེལ་དང་རྟོག་ཞིབ་བྱེད་པ་བཅས་བྱས་ཏེ། ནན་ནན་ཏིག་ཏིག་སྒོས་བཅོས་བསྒྱུར་འཕེལ་རྒྱས་ཀྱི་ལས་དོན་ཁག་དོན་འཁྱོལ་དང་ལེགས་པོར་བསྒྲུབས།