ཞིན་ཧེ་རྫོང་གིས་ནན་ཏན་སྒོས་དངོས་སྒྲུབ་ཀྱི་བྱང་ཚད་མཐོ་བའི་ལས་བྱེད་པ་གསོ་སྐྱོང་བྱས།
2019.03.19 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 69

ཉེ་བའི་ལོ་འདི་འགར།  མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཞིན་ཧེ་རྫོང་གིས་དབུལ་ཐར་མཁྲེགས་གཏོར་བྱེད་པར་སྦྱོང་བརྡར་གསོ་སྐྱོང་དང་རྟོག་ཞིབ་ངོས་འཛིན།  ལས་བྱེད་པ་གདམ་གསེས་དང་བསྐོ་འཇོག་བྱེད་ཕྱོགས་སྐོར་ཀྱི་ཁྲིད་ཕྱོགས་གསལ་པོ་བརྟན་པོར་བཙུགས་ནས།  ལས་བྱེད་པ་ཡོངས་ཀྱིས་གྲུབ་འབྲས་གཙོར་འཛིན་པ་དང་བྱང་ཙད་ལ་མཐོང་ཆེན།  ཕན་འབྲས་མངོན་གསལ་ལེན་པར་སྣེ་ཁྲིད་དང་སྐུལ་འདེད་བཏང་བ་དང་།  དབུལ་ཐར་མཁྲེགས་གཏོར་བྱེད་པ་སྟེ་བྱང་ཚད་མཐོ་བའི་ལས་བྱེད་པ་གསོ་སྐྱོང་བྱེད་པའི་གཡུལ་ས་གཙོ་བོར་གྱུར་ནས།  འབྱོར་ཕྱུག་དཔལ་ཡོན་དང་འཆམ་མཐུན་གསར་དར་གྱི་ཞིན་ཧེ་འཛུགས་སྐྲུན་བྱེད་པར་ནུས་ཤུགས་ཆེན་པོ་བཏོན།

ཞིན་ཧེ་རྫོང་གིས་ཧྲུའུ་ཅི་དང་པོར་ཕྱིར་འཁོར་རྩད་གཅོད་བྱེད་པའི་རྐྱེན་སྲོལ་བཙུགས་ནས། བཞུགས་མོལ་བརྗེ་རེས་དང་མང་ཚོགས་ལ་འདྲི་རྟོག་བྱེད་པ།  ཡུལ་དངོས་ནས་རྟོག་ཞིབ་བྱེད་པ་སོགས་ལས་རིམ་རྣམ་པ་གྲུབ།  ཧྲུའུ་ཅི་དང་པོ་དང་སྡེ་སྡོད་ལས་བྱེད་པའི་འགན་ཁུར་གནས་ཚུལ་ལ་ཚན་རིག་དང་མཐུན་པའི་དཔྱད་འཇོག་བྱས་པ་དང་།  དུས་རྒྱུན་གྱི་སྐུལ་འདེད་ཞིབ་བཤེར་ཁྲོད་རྒྱུས་ལོན་པའི་གནས་ཚུལ་ཕན་ཚུན་ར་སྤྲོད་དང་།  ཕྱོགས་བསྡུས་ཞིབ་འཇུག་བརྡར་གཅོད་བཅས་བྱས་ཏེ་འགན་སྒྲུབ་རྩིས་ཁྲ་ཞིབ་གསལ་བྱས།