རྨ་ཆུ་རྫོང་གིས་སྡེ་བའི་ཏང་རྩ་འཛུགས་ཀྱི་ཧྲུའུ་ཅི་གཞོན་པས་གཞི་རིམ་ཏང་རྩ་འཛུགས་ཀྱི་ལས་དོན་ཧུར་སྒྲུབ་དམ་འཛིན་བྱེད་པ།
2019.03.19 ཁུངས། ཀློག་གྲངས། 183

        ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ཏང་གི་ཚོགས་ཆེན་བཅུ་དགུ་བའི་དགོངས་དོན་གཏིང་ཟབ་ལག་བསྟར་མཐའ་འཁྱོངས་དང་ཏང་ཀྲི་པུའུ་ཚད་ལྡན་དུ་འཛུགས་སྐྱོང་བྱེད་པའི་ལས་ཀ་ལེགས་འགྲུབ་བྱུང་བར་སྐུལ་འདེད་གཏོང་བ། གོམ་གང་མདུན་དུ་སྤོས་ནས་སྡེ་བའི་ལས་བྱེད་པའི་རུ་དཔུང་གི་སྒྲིག་གཞི་ལེགས་སྒྲིག རུ་དཔུང་སྤྱིའི་ཞབས་ཞུའི་ཆུ་ཚད་མཐོར་འདེགས། རྫོང་ཡོངས་ཀྱི་འགག་སྒྲོལ་དབུལ་ཐར་ལས་དོན་གོང་སྤེལ་བཅས་བྱ་ཆེད། ༢༠༡༨ལོའི་ཟླ་༦པར། རྨ་ཆུ་རྫོང་གིས་ཕུལ་བྱུང་ན་གཞོན“སྐད་གཉིས”ལས་བྱེད་པ་༢༡་དབུལ་ཕོངས་མ་ཡིན་པའི་སྡེ་བའི་ཏང་རྩ་འཛུགས་ཀྱི་ཧྲུའུ་ཅི་གཞོན་པར་བདམས་མངག་བྱས་ཏེ། རྫོང་ཡོངས་ཀྱི་སྲིད་སྐྱོང་སྡེ་བ་༣༦ལ་ཧྲུའུ་ཅི་དང་པོ་དང་ཧྲུའུ་གཞོན་པའི་ཡོངས་སུ་ཁེབས་པར་བྱས།

              བདམས་མངག་བྱས་པའི་ཧྲུའུ་ཅི་གཞོན་པ་མགྱོགས་མྱུར་ལས་ཀར་འཇུག་པ་ཁག་ཐེག་དང་། ལས་དོན་སྔར་ལས་ལེགས་པོར་སྤེལ་ཆེད། རྫོང་ཨུའི་རྩ་འཛུགས་པུའུ་ཡིས་འབྲོག་སྡེའི་ཏང་རྩ་འཛུགས་ཀྱི་ཧྲུའུ་ཅི་གཞོན་པའི་ཆབ་སྲིད་ཁྲིད་སྟོན་དང་། ཕྱུག་འགྱུར་སྣེ་ཁྲིད། དམངས་ལ་ཞབས་འདེགས་ཞུ་བའི་བྱང་ཚད་དང་ནུས་པ་བཅས་མཐོར་འདེགས་སུ་གཏོང་བ་དམིགས་འབེན་དུ་བཟུང་ནས། རྫོང་ཨུའི་ཞིང་སྡེའི་ལས་དོན་གཞུང་སྒྲུབ་ཁང་དང་མཉམ་འབྲེལ་གྱིས་བདམས་མངག་བྱས་པའི“ཧྲུའུ་ཅི་དང་པོ”དང་འབྲོག་སྡེའི་ཏང་རྩ་འཛུགས་ཀྱི་ཧྲུའུ་ཅི་གཞོན་པ་ཡོངས་ལ་ཆེད་དོན་གསོ་སྦྱོང་འཛིན་གྲྭ་བསྡུས་ཤིང་། ཆེད་མཁས་མི་སྣའི་འཆད་ཁྲིད་དང་། ཆེད་དོན་གསབ་ཁྲིད། འབྲོག་སྡེའི་ལས་སྒྲུབ་བྱེད་ཐབས་སོགས་སློབ་ཁྲིད་ནན་ཏན་བྱས། བདམས་མངག་བྱས་པའི་ཧྲུའུ་ཅི་གཞོན་པས་སྔར་ལས་ཀྱང་འབྲོག་སྡེའི་གནས་ཚུལ་རྒྱུས་ལོན་ཐུབ་པར་རྨང་གཞི་བརྟན་པོ་བཏང་ཡོད།

        གཞི་རིམ་ཏང་འཛུགས་སྐྱོང་ལས་ཀའི“ཟླ་གཉིས”ལྟ་ཞིབ་ལས་ཀར་འབྲེལ་ནས།བདམས་མངག་བྱས་པའི་ཧྲུའུ་ཅི་གཞོན་པའི་སྡེ་སྡོད་ལས་ཀ་སྒྲུབ་པའི་གནས་ཚུལ་ལ་ལྟ་ཞིབ་ཐེངས་༢དང་། ལས་ཀའི་ཞུགས་མོལ་ཚོགས་འདུ་ཐེངས་༡བསྡུ་སྐོང་བྱས་ནས། གོམ་གང་མདུན་སྤོས་ཀྱིས་བདམས་མངག་བྱས་པའི་ཧྲུའུ་ཅི་གཞོན་པའི་རྒྱུན་ལྡན་དོ་དམ་དང་ཞིབ་བཤེར་དཔྱད་ཞིབ་ལས་དོན་ལ་ཤུགས་སྣོན་དང། རྫོང་ཨུའི་རྩ་འཛུགས་པུའུ་དང་བདམས་མངག་སྡེ་ཚན། ལས་འགན་འཁུར་ཡུལ་ཞང་གྲོང་བརྡལ་ཕན་ཚུན་ཧུར་ཐག་གིས་མཉམ་འབྲེལ་བྱས་ཏེ། བདམས་མངག་བྱས་པའི་ཧྲུའུ་ཅི་གཞོན་པའི་ཟ་འདུག་གནད་དོན་དང་། སྡེ་སྡོད་ལས་ཀའི་འཚོ་བའི་ཁ་གསབ་སོགས་ཀྱི་གནད་དོན་ཐག་བཅད་དེ། བདམས་མངག་བྱས་པའི་ཧྲུའུ་ཅི་གཞོན་པའི་འཚོ་བར་སེམས་ཁྲལ་མེད་པར་བཟོས་ཤིང་། ལས་དོན་གསར་སྤེལ་གྱི་སྤྲོ་སེམས་ཇེ་མཐོར་བཏང་།

                ཏང་སྐྱོང་བརྟན་པོར་བཙུགས་ཏེ། རྩ་འཛུགས་གསོན་ཤུགས་རྒྱས་པར་བྱེད་པ། བདམས་མངག་བྱས་པའི་ཧྲུའུ་ཅི་གཞོན་པ་ཡིས་ཞང་གྲོང་བརྡལ་སོ་སོའི་ཏང་ཨུ་དང་། སྲིད་གཞུང་། འབྲོག་སྡེའི“ཨུ་གཉིས”ཚན་ཁག་བཅས་ལ་ཧུར་ཐག་གིས་མཉམ་འབྲེལ་བྱས་ཏེ་ནན་ཏན་གྱིས་ལས་གནས་འགན་འཁྲི་ལེགས་པོར་སྒྲུབ་ཅིང་། ལས་འགན་འཁུར་ཡུལ་འབྲོག་སྡེའི་ཏང་ཀྲི་པུའུ་ཚད་ལྡན་དུ་འཛུགས་སྐྱོང་བྱ་རྒྱུར་སྐུལ་འདེད་ཏན་ཏིག་བྱས་ཏེ། ལོ་གཅིག་ནང་འབྲོག་སྡེའི་ཏང་རྩ་འཛུགས་ཀྱི་“ཚོགས་གསུམ་ཁྲིད་གཅིག”དང“ཏང་གི་བརྗོད་བྱ་གཙོ་བོའི་ཉིན་མོའི་བྱེད་སྒོ”སོགས་ཏང་ནང་ཁུལ་གྱི་རྩ་འཛུགས་འཚོ་བ་ཐེངས་༡༨༠ལྷག་སྤེལ་ཞིང་། འབྲོག་པ་ཏང་ཡོན་༢༡བསྡུས་ཏེ། ཏང་ཡོན་བྱེད་སྒོ་སྤེལ་ཡུལ་༢༡བཙུགས་ནས། གནད་སྒྲོལ་དབུལ་ཐར་ལས་ཀ་དམ་འཛིན་དང་། མང་ཚོགས་ལ་དོན་དངོས་གང་མང་སྒྲུབ་པ་དང་། ནུས་ཤུགས་ཡོད་དགུས་དབུལ་ཕོངས་མང་ཚོགས་ལ་ཆེད་དུ་དབུལ་སྐྱོར་དངོས་ཟོག་སྒོར་ཁྲི་༨ལྷག་གྲབས་གསོག་བྱས་ནས། གཞི་རིམ་འབྲོག་པ་མང་ཚོགས་ལ་ཐད་ཀར་རྩ་འཛུགས་ཀྱི་གཅེས་སེམས་དང་དྲོད་ཁོལ་མྱོང་ཐུབ་པར་བྱས། 

                                                                                                  གསར་འགོད་པ།  ལྷ་མོ།  རྟ་མགྲིན་ཚེ་རིང་།