མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་གནད་འཁེལ་དབུལ་སྐྱོར་གྱི་བསྐྱིས་དངུལ་སྒོར་གྲངས་ཐེར་འབུམ་གསུམ་དུང་ཕྱུར་བཞི་དང་བྱེ་བ་གཉིས་ལ་སླེབས།
2019.03.20 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 25

གསར་འགོད་པས་ཉེ་ལམ་བསྡུས་པའི་ཞིང་ཆེན་ཡོངས་ཀྱི་དངུལ་རྩའི་དབུལ་སྐྱོར་བརྙན་ལམ་གྲོས་ཚོགས་ལས་རྒྱུས་ལོན་པའི་གནས་ཚུལ་ལྟར་ན།  ཉིས་སྟོང་བཅོ་བརྒྱད་ལོའི་ལོ་མཇུག་བར།  ཞིང་ཆེན་ཡོངས་ཀྱི་གནད་འཁེལ་དབུལ་སྐྱོར་གྱི་བསྐྱིས་དངུལ་སྒོར་ཐེར་འབུམ་གསུམ་དུང་ཕྱུར་བཞི་དང་བྱེ་བ་གཉིས་ལ་སླེབས།  དེའི་ནང་འབོར་གྲངས་ཉུང་བའི་དབུལ་སྐྱོར་བསྐྱིས་དངུལ་ལྷག་གྲངས་སྒོར་ཐེར་འབུམ་གཅིག་དུང་ཕྱུར་བཞི་དང་བྱེ་བ་བརྒྱད་ལ་སླེབས་པ་དང།  ཁྱིམ་ཚང་གི་བསྐྱིས་དངུལ་བརྒྱ་ཆའི་སོ་བདུན་ལ་སླེབས།  སྔ་གཞུག་ཏུ་འབོར་གྲངས་ཉུང་བའི་བསྐྱིས་དངུལ་སྒོར་ཐེར་འབུམ་གཅིག་དུང་ཕྱུར་གཅིག་བྱེ་བ་བདུན་བཏང་བ་རེད།  དངུལ་ཁང་སོ་སོས་དངུལ་བུན་བསྐྱིས་པའི་གནས་ཚུལ་ལྟར་ན།  ཞིང་སྡེ་ཡིད་རྟོན་མཉམ་འབྲེལ་ཁང་གིས་སྒོར་ཐེར་འབུམ་གཉིས་དང་བྱེ་བ་ལྔ་བསྐྱིས་པ་དང་།  ཞིང་ལས་དངུལ་ཁང་གིས་སྒོར་བྱེ་བ་དགུ་དང་ས་ཡ་བརྒྱད་བསྐྱིས། སྦྲག་སྲིད་གསོག་འཇོག་དངུལ་ཁང་གིས་སྒོར་ས་ཡ་དགུ་འབུམ་གཉིས་བསྐྱིས།  མཚོ་སྔོན་དངུལ་ཁང་གིས་སྒོར་ས་ཡ་དྲུག་དང་གྲོང་སྡེ་དང་གྲོང་རྡལ་དངུལ་ཁང་གིས་སྒོར་ས་ཡ་གཉིས་བསྐྱིས་པ་རེད།  བསྐྱིས་དངུལ་བཏང་བ་དེས་དབུལ་ཕོངས་ཁྱིམ་གྲངས་སྡོམ་པས་དགུ་ཁྲི་སུམ་སྟོང་སུམ་བརྒྱར་ཕན་བཏགས་པ་རེད།

རྒྱུས་ལོན་བྱུང་བ་ལྟར་ན།  དངུལ་བུན་བཀོལ་སྤྱོད་བྱེད་ཡུལ་གཙོ་བོ་ནི་འདེབས་འཛུགས་དང་གསོ་གཉེར་ལས་རིགས། འགྲིམ་འགྲུལ་སྐྱེལ་འདྲེན།  ཁྱིམ་ཚང་ལས་གྲྭ་སོགས་ཁྱིམ་ཚང་ཐོན་ལས་ཁག་ཡིན།  འབོར་གྲངས་ཉུང་བའི་དབུལ་སྐྱོར་དངུལ་བུན་བསྐྱིས་པ་དེས་དབུལ་ཕོངས་མི་གྲངས་ཀྱིས་དངུལ་རྩ་འཕེལ་རྒྱས་གཏོང་བའི་གནད་དོན་ཐག་བཅད་པ་དང་དབུལ་ཕོངས་ས་ཁུལ་གྱི་དངུལ་རྩའི་མ་ལག་ལེགས་བཅོས་བྱེད་པར་སྐུལ་འདེད་དང་གྲུབ་འབྲས་མངོན་གསལ་བླངས་པར་མ་ཟད། དབུལ་ཕོངས་ཁྱིམ་ཚང་ཀྱིས་དངུལ་བུན་བསྐྱི་མི་ཐུབ་པའི་གནད་དོན་རྩ་བའི་སྟེང་ཐག་གཅོད་བྱས་པ་དང་།  དབུལ་ཕོངས་མི་གྲངས་ཀྱི་དངུལ་བུན་གནད་དོན་ཐག་གཅོད་བྱེད་པར་ཉམས་མྱོང་ཕན་ཡོད་གསོག་འཇོག་བྱས་པས།  དབུལ་ཐར་མཁྲེགས་གཏོར་གྱིས་མཐར་ཐུག་རང་བཞིན་གྱི་གྲུབ་འབྲས་ལོན་པར་ནུས་པ་བླ་ལྷག་བཏོན།