མཚོ་བྱང་ཁུལ་གྱིས་ཞིང་ལས་ཐོན་སྐྱེད་རྒྱུ་ཆ་རྫུན་མ་འགོག་པའི་གཞི་རིམ་དྲིལ་སྒྲོག་བྱ་འགུལ་སྤེལ།
2019.03.20 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 41

ཞིང་ལས་ཐོན་སྐྱེད་རྒྱུ་ཆ་རྫུན་མ་འགོག་པའི་ལས་དོན་སྤེལ་ཤུགས་ཇེ་ཆེར་གཏོང་ཆེད་དང་།  དཔྱིད་ཀའི་ཞིང་ལས་ཐོན་སྐྱེད་བདེ་འཇགས་ལ་ཁག་ཐེག་དང།   ཞིང་བའི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོབ་མཐའ་འཁྱོལ་བྱེད་པ་དང་།  ཞིང་ལས་རྒྱུ་ནོར་ཁྲོམ་རའི་སྒྲིག་ལམ་སྲུང་སྐྱོབ་བྱེད་ཆེད།  ཟླ་གསུམ་པའི་ཚེས་བཅུ་གཅིག་ཉིན་གྱི་ཕྱི་དྲོར།  མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུ་དང་ཧེ་ཡན་རྫོང་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུས་མཉམ་འབྲེལ་སྒོས་ཞིང་ལས་ཐོན་སྐྱེད་རྒྱུ་ཆ་རྫུན་མ་ཞིང་སྡེ་མཆེད་པར་སྔོན་འགོག་བྱེད་པའི་དྲིལ་སྒྲོག་བྱ་འགུལ་ཧེ་ཡན་རྫོང་གི་གསེར་ཐང་ནས་སྤེལ།  རྫུན་འགོག  དམངས་ཕན།  ཚད་ལྡན་བཅས་དམིགས་ཡུལ་ཡིན་པའི་ཞིང་ལས་ཐོན་སྐྱེད་རྒྱུ་ཆ་རྫུན་མ་འགོག་པའི་ཆེད་དོན་འགུལ་སྐྱོད་ཡོངས་སུ་སྤེལ་འགོ་བརྩམས།

ཞིང་ལས་ཐོན་སྐྱེད་རྒྱུ་ཆ་རྫུན་མ་འགོག་པའི་གཞི་རིམ་དྲིལ་སྒྲོག་འགུལ་སྐྱོད་ལས་དོན་སྤེལ་བ་བརྒྱུད།  ཞིང་ལས་རྒྱུ་ཆའི་ཁྲོམ་རའི་སྒྲིག་ལམ་སྲུང་སྐྱོང་ལེགས་པོ་ཐོབ་པ་དང་། དམངས་ཡོངས་ཀྱི་སྤུས་ཚད་འདུ་ཤེས་ཇེ་མཐོ། སྡེ་ཁག་གི་སྣང་བརྙན་ཇེ་ལེགས་སུ་བཏང་སྟེ། ད་ལོའི་ཞིང་ལས་ཐོན་སྐྱེད་བྱ་བ་བདེ་ལེགས་ངང་སྤེལ་བར་ཁག་ཐེག་བྱས་པ་རེད།