ཉིས་སྟོང་བཅུ་དགུ་ལོར་ན་གོར་མོ་གྲོང་ཁྱེར་གྱིས་མ་དངུལ་འབོར་ཆེན་བཏང་ནས་དམངས་དོན་དྲུག་ཅུ་སྒྲུབ་རྒྱུ་རེད།
2019.03.23 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 66

ད་ལོར།  ན་གོར་མོ་གྲོང་ཁྱེར་གྱིས་མ་དངུལ་སྒོར་ཐེར་འབུམ་གཅིག་དུང་ཕྱུར་གཅིག་བཏང་ནས་དམངས་དོན་དྲུག་ཅུ་སྒྲུབ་རྒྱུ་རེད།

དགེ་རྒན་དཔུང་སྡེ་འཛུགས་སྐྲུན་དང་མཐོ་རིམ་སློབ་འབྲིང་སློབ་བསྡུའི་ལམ་ལུགས་བཅོས་བསྒྱུར་ཧུར་ཐག་སྐུལ་འདེད་བྱེད་པ་དང་།  སྤྱིར་བཏང་སློབ་འབྲིང་དང་འབྲིང་རིམ་ལས་རིགས་སློབ་གསོའི་དོ་མཉམ་འཕེལ་རྒྱས་སྐུལ་འདེད་བྱེད་པ།  དེང་རབས་ཅན་གྱི་རིག་གནས་ཞབས་ཞུའི་མ་ལག་མགྱོགས་མྱུར་འཛུགས་སྐྲུན་བྱེད་པ།  རིག་གནས་ཁང་དང་དངོས་མང་བཤམས་སྟོན་ཁང་སོགས་རིན་མེད་སྒོ་འབྱེད་ལས་དོན་ལེགས་པོར་སྒྲུབ་པ།  སྤྱི་སྤྱོད་རིག་གནས་རྨང་གཞིའི་རྒྱུ་ཆས་ཁ་གསབ་ལས་གཞི་དོན་འཁྱོལ་བྱེད་པ།  བྱམས་བརྩེ་ཞབས་ཞུ་མ་ལག་གྲུབ་པར་སྐུལ་འདེད་དང་།   སྤྱི་ཚོགས་ཉེན་སྲུང་དབུལ་སྐྱོར་ཆ་འཕྲིན་མ་ལག་འཛུགས་སྐྲུན་ལ་ཤུགས་སྣོན་བྱས་ནས་སྤྱི་ཚོགས་ཉེན་སྲུང་ཡོངས་ཁེབས་ཚད་མུ་མཐུད་རྒྱ་བསྐྱེད་བྱེད་པ།  ཞིང་ཆེན་བརྒལ་ནས་སྨན་བཅོས་བྱེད་པར་སྨན་རིན་ཐད་ཀར་རྩིས་རྒྱབ་ཆོག་པའི་བྱ་བར་སྐུལ་འདེད་ལེགས་པོ་གཏོང་བ།  གྲོང་གསེབ་སྡོད་དམངས་ཀྱི་གཞི་རྩའི་རྒན་གསོའི་ཉེན་སྲུང་དང་སྨན་བཅོས་ཉེན་སྲུང་སོགས་གཟིགས་སྐྱོང་སྲིད་ཇུས་དངོས་འབེབས་ནན་ཏན་བྱས་ནས་དབུལ་ཐར་ཁག་ཐེག་བྱེད་པ།  འབྲུ་རིགས་བདེ་འཇགས་འོས་འགན་ལམ་ལུགས་ནན་ཏན་དངོས་འབེབས་བྱས་ཏེ།  འབྲུ་རིགས་འཁོར་རྒྱུགས་མ་ལག་དེང་རབས་ཅན་སྐུལ་འདེད་དང་འབྲུ་རིགས་བདེ་འཇགས་ཁག་ཐེག་བྱེད་པ་སོགས་དམངས་དོན་ལས་གཞིར་གཏོགས་པ་རེད།