གཏེར་ལེན་ཁ་གྲོང་ཁྱེར་གྱིས་ཞིང་ལས་ལག་རྩལ་ཁྱབ་བརྡལ་བཏང་ནས་དཔྱིད་རྨོད་བྱ་བར་རོགས་འདེགས་བྱས།
2019.03.25 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 38

ཉེ་ལམ། གཏེར་ལེན་ཁ་གྲོང་ཁྱེར་གྱིས་དྲོད་ཚད་རིམ་བཞིན་ཇེ་མཐོར་སོང་བ་དང་བསྟུན་ནས།  རྒྱ་ཆེའི་ཞིང་བ་མང་ཚོགས་ཀྱིས་དཔྱིད་ཀའི་རྨོ་འདེབས་མ་བྱས་སྔོན་དུ་བཀོལ་སྤྱོད་ཕན་འབྲས་ལྡན་པའི་ཞིང་ལས་ཐོན་སྐྱེད་ལག་རྩལ་སློབ་སྦྱོང་བྱས།  གཏེར་ལེན་ཁ་ཞིང་ལས་ལག་རྩལ་ཁྱབ་སྤེལ་ལྟེ་གནས་ཀྱི་ལག་རྩལ་མི་སྣ་གྲོང་གསེབ་དུ་སོང་ནས།  ཉིས་སྟོང་བཅུ་དགུ་ལོའི་དཔྱིད་དུས་ཞིང་ལས་ཚན་རྩལ་གསོ་སྦྱོང་བྱ་འགུལ་སྤེལ།

ཐེངས་འདིའི་གསོ་སྦྱོང་གཞུང་ལུགས་དོན་དངོས་དང་འབྲེལ་ཞིང་།  ཁ་གཏད་རང་བཞིན་ལྡན་པ།  བཀོལ་སྤྱོད་རིན་ཐང་ཤུགས་དྲག་པས་ཞིང་བ་མང་ཚོགས་ལ་ཕན་པ་ཆེན་པོ་སྐྲུན།  མཁོ་གལ་ཆེ་བའི་ཞིང་ལས་ལག་རྩལ་ཤེས་བྱར་སློབ་སྦྱོང་བྱས་པས།  ཞིང་ལས་ལྗང་མདོག་འཕེལ་རྒྱས་ཀྱི་ཡིད་ཆེས་ཀྱང་ཇེ་བརྟན་དུ་བཏང་བ་རེད།