མཚོ་སྔོན་ཞིང་ཆེན་རིག་གནས་ཐིན་དང་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གཉིས་ཀྱིས་རིག་གནས་དང་ཡུལ་སྐོར་མཉམ་བསྲེ་འཕེལ་རྒྱས་ཀྱི་དཔེ་སྟོན་ས་ཁུལ་མཉམ་སྐྲུན་སྒྲོམ་གཞིའི་གྲོས་ཆིངས་འཇོག་པའི་མཛད་སྒོ་བསྡུས།
2019.03.26 ཁུངས། ཀློག་གྲངས། 627

སྤྱི་ཟླ་གསུམ་པའི་ཚེས་ཉེར་དྲུག་ཉིན། མཚོ་སྔོན་ཞིང་ཆེན་རིག་གནས་ཐིན་དང་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་མི་དམངས་སྲིད་གཞུང་གཉིས་ཀྱིས་རིག་གནས་དང་ཡུལ་སྐོར་མཉམ་བསྲེས་འཕེལ་རྒྱས་ཀྱི་དཔེ་སྟོན་ས་ཁུལ་མཉམ་སྐྲུན་སྒྲོམ་གཞིའི་གྲོས་ཆིངས་འཇོག་པའི་མཛད་སྒོ་དེ་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་དུ་བསྡུས་པ་དང་། ཞིང་ཆེན་རིག་གནས་ཐིན་གྱི་འབྲེལ་ཡོད་འགོ་ཁྲིད་དང་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་འབྲེལ་ཡོད་འགོ་ཁྲིད། དེ་མིན་རྫོང་ཁག་བཞིའི་འབྲེལ་ཡོད་འགོ་ཁྲིད་སོགས་མི་གྲངས་བརྒྱར་ཉེ་བ་ཐེངས་འདིའི་གྲོས་ཆིངས་འཇོག་པའི་མཛད་སྒོའི་སྟེང་ཞུགས།

རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ནི་ལོ་རྒྱུས་ཀྱི་རྒྱུན་རིང་ཞིང་རིག་གནས་ཀྱི་རྨང་མཐུག་པ། རང་བྱུང་གི་མཛེས་པ་མངོན་པར་འཕགས་པའི་ཡུལ་གྲུ་ཞིག་ཡིན་པས། ཞིང་ཆེན་ཡོངས་དང་ཐ་ན་རྒྱལ་ཡོངས་སུའང་ཐུན་མིན་གྱི་ཁྱད་ཆོས་མངོན་གསལ་ལྡན་ཡོད། ཉེ་བའི་འདི་འགའི་རིང་མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་མི་དམངས་སྲིད་གཞུང་གི་ཡང་དག་པའི་འགོ་ཁྲིད་དང་ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིན་གྱི་ཐུགས་ཁུར་འོག རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱིས“སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས”ཀྱི་འཐབ་ཕྱོགས་ལག་བསྟར་དོན་འཁྱོལ་དང་། མུ་མཐུད་ནས་འཕེལ་རྒྱས་ཀྱི་བསམ་ཕྱོགས་གསར་བ་ལག་ལེན་དུ་བཏབ་པས། རིག་གནས་ཡུལ་སྐོར་འདི་ཉིད་ཁུལ་ཡོངས་ཀྱི་དཔལ་འབྱོར་འཕེལ་རྒྱས་སུ་འགྲོ་བའི་ཐོན་ལས་གལ་ཆེན་ཞིག་ཏུ་བཟུང་ཡོད་པ་མ་ཟད། “ཞིང་ཆེན་ཡོངས་ཀྱི་རིག་གནས་དང་ཡུལ་སྐོར་མཉམ་བསྲེས་འཕེལ་རྒྱས་ཀྱི་དཔེ་སྟོན་ཁུལ་འཛུགས་སྐྲུན་བྱེད་པ”ཞེས་པའི་དམིགས་འབེན་ཡང་བཏོན་ཡོད། རིག་གནས་ཡུལ་སྐོར་འཕེལ་རྒྱས་ཀྱི་མ་ལག་ཆ་ཚང་འཛུགས་སྐྲུན་བྱས་པ་བརྒྱུད་ནས། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱིས་གཙོ་གནད་ལས་གཞི་འཛུགས་སྐྲུན་ལ་སྐུལ་འདེད་དང་རིག་གནས་ཡུལ་སྐོར་གྱི་ཁེ་ལས་ལ་སྣེ་ཁྲིད་བྱས་ཏེ། རིག་གནས་ཡུལ་སྐོར་གྱི་འཕེལ་རྒྱས་ལ་ནུས་ཤུགས་གང་ལེགས་བཏོན་ཡོད།

ཐེངས་འདིར་གྲོས་ཆིངས་བཞག་པ་བརྒྱུད།  རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་རིག་གནས་དང་ཡུལ་སྐོར་གྱི་འཕེལ་རྒྱས་ཐད་ལ་སྔར་ལས་ལྷག་པའི་སྒོ་ནས་ཤུགས་བསྣན་ཏེ། རྨ་ལྷོ་ས་ཁུལ་གྱི་ལོ་རྒྱུས་དང་རིག་གནས། མཛེས་ལྗོངས་སོགས་མུ་མཐུད་ནས་དྲིལ་སྒྲོག་ལེགས་པོ་བྱེད་པ་དང་། རིག་གནས་ཡུལ་སྐོར་ཐོན་ལས་ཀྱི་མ་ལག་སྔར་བས་འཐུས་ཚང་དུ་གཏོང་བ། རིག་གནས་ཡུལ་སྐོར་ཐད་ཀྱི་ཁེ་ལས་སྣ་ཚོགས་ལ་རྒྱབ་སྐྱོར་དང་སྣེ་ཁྲིད་བཅས་བྱས་ནས་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ནི་ཞིང་ཆེན་ཡོངས་ཀྱི་རིག་གནས་དང་ཡུལ་སྐོར་འཕེལ་རྒྱས་ཀྱི་དཔེ་སྟོན་ས་ཁུལ་དུ་འཛུགས་སྐྲུན་བྱ་རྒྱུར་ནུས་ཤུགས་གང་ཡོད་གདོན་ཐུབ་པ་རེད།

རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་མི་དམངས་སྲིད་གཞུང་གི་ཁུལ་དཔོན་གཞོན་པ་གཡུ་སྒྲོན་མཚོས་མཛད་སྒོར་མགོ་འཛིན་བྱེད་བཞིན་པ།

རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཏང་ཨུའི་ཧྲུའུ་ཅི་ཝང་ཀྲིན་ཁྲང་གིས་གཏམ་བཤད་གནང་བཞིན་པ།

མཚོ་སྔོན་ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིན་གྱི་ཐིན་ཀྲང་གཞོན་པ་ལའེ་ཞ་ཡིས་གཏམ་བཤད་གནང་བཞིན་པ།

ཕྱོགས་གཉིས་ཀས་གྲོས་ཆིངས་འཇོག་བཞིན་པ།

མཛད་སྒོའི་ཡུལ་དངོས།


འབྲེལ་ཡོད་འགོ་ཁྲིད་དག་གིས་ཡུལ་སྐོར་ས་གནས་ལ་གཟིགས་ཞིབ་བྱེད་བཞིན་པ།

བྲེལ་ཡོད་འགོ་ཁྲིད་དག་གིས་གཟིགས་ཞིབ་བྱེད་བཞིན་པ།

བྲེལ་ཡོད་འགོ་ཁྲིད་དག་གིས་ཡུལ་སྐོར་ས་གནས་ལ་གཟིགས་ཞིབ་བྱེད་བཞིན་པ།





གསར་འགོད་པ། ཐུབ་བསྟན།