ད་ལོར་མཚོ་སྔོན་ཞིང་ཆེན་གྱིས་ཚན་རྩལ་རིང་བཞིན་གྱི་ཁེ་ལས་30སྐྱེད་བསྲིངས་བྱ་རྒྱུའི་འཆར་གཞི་བཀོད།
ཟླ་གསུམ་པའི་ཚེས་ཉེར་བདུན་ཉིན། མཚོ་སྔོན་ཞིང་ཆེན་ཚན་རྩལ་ཐིན་གྱིས་རྩ་འཛུགས་བྱས་ཏེ་མཚོ་སྔོན་ཞིང་ཆེན་ཚན་རྩལ་ཁེ་ལས་གསར་བསྐྲུན་རིང་བཞིན་གྱི་སྐུལ་སྤེལ་གྲོས་ཚོགས་བསྡུས། དུས་རབས་གསར་བའི་ནང་དུ་གཏིང་ཟབ་སྒོས་གསར་བསྐྲུན་སྐུལ་འདེད་གཏོང་བའི་ཐད་གྱི་འཕེལ་རྒྱས་འཐབ་ཕྱོགས་ལ་མཉམ་དུ་གྲོས་བསྡུས་བྱས་ཏེ་ཁེ་ལས་ཀྱི་གསར་བསྐྲུན་གྱི་ནུས་པའི་ཐབས་ལམ་དང་སྲིད་ཇུས་གོམ་གང་མདུན་སྤོས་ཀྱིས་མཐོར་འདེགས་སུ་བཏང་། གྲོས་ཚོགས་སྟེང་མཚོ་སྔོན་ཞིང་ཆེན་ཚན་རྩལ་ཐིན་གྱི་ཐིན་ཀྲང་མཱའོ་ཁྲུང་མེན་གྱིས་བསྟན་དོན། 2019ལོའི་མཚོ་སྔོན་ཞིང་ཆེན་ཚན་རྩལ་ཁེ་ལས་གསར་བསྐྲུན་བྱ་བའི་གནད་དོན་ལ་གདོང་གཏད་ཐུབ་པ་དང་བསམ་བློའི་ངོས་ཟིན་མཐོར་འདེགས་གཏོང་བ།གནད་དོན་ཁྲིད་ཕྱོགས་དང་དམིགས་འབེན་གྱི་ཁྲིད་ཕྱོགས་གཅིག་གྱུར་རྒྱུན་འཁྱོངས་བྱེད་པ།གནས་ཡུལ་བཞི་བཙལ་བ་གཙོ་གནད་དུ་བཟུང་ཞིང་བརྗོད་སྙིང་བྱ་འགུལ་ཆུང་བའི་སྟེང་ཤུགས་འདོན་པ་དང་ལག་རྩལ་གསར་བསྐྲུན་དང་གཞི་རྒྱའི་ཕན་ནུས་གཙོ་གནད་དུ་འཛིན་པ། གསར་བཙུགས་ཚན་རྩལ་ཁེ་ལས་སུམ་བཅུ་དང་ལག་རྩལ་མཐོ་བའི་ཁེ་ལས་གསར་བ་ཉི་ཤུ ལག་རྩལ་འཇོན་མིའི་ཁེ་ལས་ལྔ་སོགས་ཞིང་ཆེན་རིམ་པའི་ཚད་མཐོའི་ཚན་རྩལ་གྱི་གནས་ཁུལ་གཅིག་ནས་གཉིས་ལྷག་གསར་འཛུགས་བྱས། མུ་མཐུད་དུ་མཚོ་སྔོན་གྱི་ཚད་མཐོའི་ཚན་རྩལ་གྱི་གནས་ཁུལ་གཏིང་ཟབ་བཅོས་བསྒྱུར་ལ་སྐུལ་འདེད་བཏང་། དེང་རབས་རིང་བཞིན་གྱི་ཐོན་ལས་མ་ལག་དང་འགུལ་རྣམ་གསར་བརྗེ་ཇེ་མགྱོགས་སུ་གཏོང་བ་སོགས་དཔལ་འབྱོར་སྤུས་ཚད་མཐོན་པོས་འཕེལ་རྒྱས་སུ་འགྲོ་བར་སྔར་ལས་ལྷག་པའི་ནུས་པ་བཏོན།
གཞི་གྲངས་ལས་མངོན་པ་ལྟར་ན། 2018ལོར་མཚོ་སྔོན་ཞིང་ཆེན་གྱི་ལག་རྩལ་གན་རྒྱ་ལེགས་འགྲུབ་བྱུང་ཚད་དངུལ་གྲངས་སྒོར་ཐེར་འབུམ་བདུན་དང་དུང་ཕྱུར་དགུ་ལྷག་ཡིན་ལ།ལག་རྩལ་མཐོན་པོའི་ཁེ་ལས་གསར་བའི་ཁ་གྲངས་བརྒྱ་དང་དྲུག་ཅུ་རེ་བདུན། ཚན་རྩལ་རིང་བཞིན་གྱི་ཁེ་ལས་བཞི་བརྒྱ་བཅོ་ལྔ་སོགས་བྱས་ཏེ་ལོ་གཉིས་ཀྱི་སྔོན་ལ་དམིགས་འབེན་ལྡབ་འགྱུར་གྱིས་མངོན་འགྱུར་བྱུང་ཏེ་བཟོ་ལས་སྤྱིའི་ཐོན་གྲངས་སྒོར་ཐེར་ཆེན་ལྔ་དང་ཐེར་འབུམ་ལྔ་དུང་ཕྱུར་ལྔ་ལྷག་མངོན་འགྱུར་བྱུང་། ཚན་རྩལ་འཇོན་མིའི་ཁེ་ལས་བརྒྱད་གསར་ཏུ་ཁ་བསྣན་ཏེ་ཕྱིར་འཚོང་ཡོང་འབབ་སྒོར་ཐེར་འབུམ་གཉིས་དང་དུང་ཕྱུར་བདུན་ལྷག་མངོན་འགྱུར་བྱུང་།