རྩེ་ཁོག་རྫོང་གིས་ཡུལ་གཞན་གནས་སྤོར་གྱི“འབྲུ་བཞིའི་གདམས་ངག་”གིས་དབུལ་ཕོངས་མང་ཚོགས་ལ་“གཞིས་ཁྱིམ”དང“ལས་སྒོ”ཡོད་པ་འགན་ལེན་ཁག་ཐེག་བྱས།
2019.03.28 ཁུངས། ཀློག་གྲངས། 170

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཐེངས་མང་པོར་ནན་གྱིས་བསྟན་དོན། “དབུལ་ཕོངས་རྩ་མེད་དང་། དམངས་འཚོ་ལེགས་བཅོས། ཐུན་མོང་ཕྱུག་འགྱུར་མངོན་དུ་འགྱུར་རྒྱུ་བཅས་ནི། སྤྱི་ཚོགས་རིང་ལུགས་ཀྱི་ངོ་བོའི་བླང་བྱ་དང་། ང་ཚོའི་ཏང་གི་འགན་འཁྲི་གལ་ཆེན་ཡིན།”“དབུལ་སྐྱོར་གསར་སྤེལ་གྱི་ལས་ཀ་ནན་ཏན་སྒྲུབ་རྒྱུ་དང་། མི་སེར་དབུལ་པོ་རྣམས་ལ་རྒྱབ་སྐྱོར་བྱས་ནས་ཕྱུག་པོར་བསྒྱུར་བ། ཁོ་ཚོའི་སེམས་ཁྲལ་དང་དཀའ་ངལ་སེལ་བ། འཕེལ་རྒྱས་བཏང་བའི་གྲུབ་འབྲས་ཀྱི་ཕན་ཁེ་མི་དམངས་ཡོངས་ལ་སྔར་ལས་མང་བ་དང་སྔར་ལས་སྙོམས་སྒྲིག་ངང་འཐོབ་པར་བྱེད་རྒྱུ་བཅས་ནི། ང་ཚོའི་ཏང་གིས་མི་དམངས་ལ་ཞབས་འདེགས་ཞུ་བའི་རྩ་བའི་དམིགས་ཡུལ་མཐའ་འཁྱོངས་བྱེད་པའི་མཚོན་ཚུལ་གལ་ཆེན་ཞིག་ཡིན་ལ།ཏང་དང་སྲིད་གཞུང་གི་འགན་འཁྲི་གལ་ཆེན་ཡང་ཡིན།”“དམངས་སེམས་ཐོབ་ན་གནམ་འོག་དབང་། ཆབ་སྲིད་ཐོག་ནས་བཤད་ན། ང་ཚོའི་ཏང་གིས་མི་དམངས་ལ་འགོ་ཁྲིད་བྱས་ཏེ་དབུལ་ཕོངས་ལས་སྒྲོལ་བའི་ལས་ཀ་རྒྱ་ཆེར་ངང་སྤེལ་བས། ང་ཚོའི་ཏང་གི་སྲིད་འཛིན་རྨང་གཞི་སྲ་བརྟན་དུ་བཏང་བ་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་སྲ་བརྟན་དུ་བཏང་ཡོད།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དབུལ་སྐྱོར་གསར་སྤེལ་གྱི་འཐབ་ཇུས་བསམ་བློར་སློབ་སྦྱོང་དང་ལག་ལེན་བྱེད་དགོས་ན། ཐོག་མར་སྲིད་ཏང་གི་ངོ་བོ་དང་། སྲིད་འཛིན་གྱི་འགན་འཁྲི། ལམ་ལུགས་སྲ་བརྟན་བཅས་ཀྱི་མཐོ་ཚད་ནས། དབུལ་ཐར་འགག་སྒྲོལ་གྱི་དོན་སྙིང་གལ་ཆེན་ལ་གོ་བ་ཟབ་མོ་ལེན་དགོས། དབུལ་ཐར་འགག་སྒྲོལ་ནི་འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་སྐྲུན་ཐུབ་རྒྱུ་དང་འབྲེལ་བ་ཡོད་ལ། ཏང་གི་སྲིད་འཛིན་རྨང་གཞི་སྲ་བརྟན་དུ་གཏོང་བར་འབྲེལ་ཡོད། དེ་ནི་དམངས་ཡོངས་ཀྱིས་བསྒྱུར་བཅོས་གོང་སྤེལ་གྱི་གྲུབ་འབྲས་མཉམ་རོལ་དང་། ཐུན་མོང་ཕྱུག་འགྱུར་མངོན་འགྱུར་བྱེད་པར་སྐུལ་འདེད་གཏོང་བའི་ཐབས་ཤེས་གལ་ཆེན་ཞིག་ཡིན་པ་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཁྱད་འཕགས་རང་བཞིན་ཚུར་སྣང་བྱེད་པའི་མཚོན་རྟགས་གལ་ཆེན་ཞིག་ཡིན། དབུལ་ཐར་འགག་སྒྲོལ་གྱི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ན་རང་རྒྱལ་གྱི་འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་སྐྲུན་ཐུབ་པའི་གསང་ཐག་དམིགས་ཡུལ་མངོན་དུ་འགྱུར་པ་མཚོན་ཡོད་པ་དང་། རང་རྒྱལ་ཞིང་གྲོང་གི་དབུལ་པོ་དང་རྒྱལ་ཡོངས་མི་དམངས་མཉམ་དུ་འབྱོར་འབྲིང་སྤྱི་ཚོགས་ལ་བསྐྱོད་ན། འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་སྐྲུན་ཐུབ་པའི་གཞི་རྩའི་མཚོན་རྟགས་ཡིན། རང་རྒྱལ་གྱི་དབུལ་ཕོངས་དབུལ་རྐྱང་གི་གནད་དོན་ལ་ལོ་རྒྱུས་རང་བཞིན་ལྡན་པའི་སྒོ་ནས་ཐག་གཅོད་གཏོང་ན་ལམ་རྟགས་རྡོ་རིང་ལྟ་བུའི་དོན་སྙིང་ལྡན། 


རྩེ་ཁོག་རྫོང་གིས་ཡུལ་གཞན་གནས་སྤོར་གྱི“འབྲུ་བཞིའི་གདམས་ངག་”གིས་དབུལ་ཕོངས་མང་ཚོགས་ལ་“གཞིས་ཁྱིམ”དང“ལས་སྒོ”ཡོད་པ་འགན་ལེན་ཁག་ཐེག་བྱས།

གནད་འཁེལ་དབུལ་སྐྱོར་གྱི་བྱ་བའི་མགོ་བརྩམས་པ་ནས་བཟུང་། རྩེ་ཁོག་རྫོང་གིས་གནས་སྤོར་དབུལ་སྐྱོར་གྱི་བྱ་བ་དེ་དབུལ་ཐར་འགག་སྒྲོལ་གྱི་ལས་གཞི་དང་པོར་བཞག   གཅིག་གྱུར་གྱིས་ཇུས་འགོད་དང་གནད་འཁེལ་དོན་འཁྱོལ། གནས་སྤོར་བཀོད་སྒྲིག་གི་རྣམ་པ་གསར་གཏོད། ལས་གཞིའི་མྱུར་ཚད་ཇེ་མགྱོགས་སུ་གཏོང་པ་བཅས་ཀྱི་བྱེད་ཐབས་སྤྱད་དེ་རང་ས་གནས་ཀྱི་དངོས་ཡོད་གནས་ཚུལ་དང་འཚམས་པའི་ཡུལ་གཞན་དབུལ་སྐྱོར་གནས་སྤོར་གྱི་ལམ་བུ་གསར་བ་ཞིག་འཚོལ་ཞིབ་བྱས་ཡོད། 

“ལྔའི་བཅུ་གསུམ་”གི་ཚུན་ལ། བསྡོམས་པས་གནས་སྤོར་སྡེ་གསར་༣༨འཛུགས་སྐྲུན་བྱས།གནས་སྤོར་དབུལ་ཁྱིམ་༣༩༩༩དང་མི་གྲངས་ཁྲི་༡.༥༢ལ་སླེབས། དེས་རྫོང་ཡོངས་ཀྱི་དབུལ་ཁྱིམ་གྱི་༧༦.༥%དང་དབུལ་ཕོངས་མི་གྲངས་ཀྱི་༧༧.༥%ཟིན།

གནད་དོན་ཐག་གཅོད་བྱེད་པའི་འགག་རྩ་ནི་ལས་སྡོད་གཉིས་འཕྲོད་ཀྱི་“གནས་སྤོར་ས་ཚིགས”འཛུགས་སྐྲུན་བྱེད་པ་དེ་རེད། འཆར་གཞི་སྔོན་བསྟར་དང་མ་དངུལ་ཧྲིལ་སྒྲིག་གི་གཞི་རྩའི་རྩ་དོན་ལྟར། དབུལ་སྐྱོར་གནས་སྤོར་དང་ཆ་ཚང་མ་དངུལ་དུང་ཕྱུར་༩.༧ཧྲིལ་སྤྱོད་བྱས་པས། ཧྲིལ་སྒྲིག་མ་དངུལ་གྱི་ནུས་པ་མངོན་གསལ་དོད་པོ་ཡིན། 

སྐྱེ་ཁམས་ལེགས་བཅོས་ཀྱི་གནད་དོན་ཐག་གཅོད་དང་གནས་སྤོར་སའི་དགོས་མཁོའི་གནད་དོན་གཉིས་ཟུང་འབྲེལ་ཀྱིས་སྔར་ཡོད་ཀྱི་ཁྱིམ་ཚང་རེའི་སའི་མུའུ་༢༤ནས་མུའུ་༠.༨ལ་བསྒྱུར་ནས་ལས་སྡོད་གཉིས་འཕྲོད་དང་སྐྱེ་ཁམས་སྲུང་སྐྱོབ་ཀྱི་ཕྱོགས་གཉིས་ཀས་གྲུབ་འབྲས་བླངས།  རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ཇེ་མགྱོགས་བཏང་། མི་ཕྱུགས་ཀྱི་འཐུང་ཆུའི་སྤུག་ལམ་སྤྱི་ལེ་༢༤༢དང་གློག་ལམ་སྤྱི་ལེ་༨༥  གཞུང་ལམ་སྲ་འགྱུར་སྤྱི་ལེ་༡༦༣   གསར་སྐྲུན་དང་ཞིག་གསོ་བྱས་པའི་བྱིས་སྐྱོང་ཁང་༦  སྤྱོད་ཁང་༥༦ བྱ་འགུལ་ཁང་༤༡བཅས་ཡིན། སྡེ་གསར་གྱི་སྡོད་གནས་ཆ་རྐྱེན་བཟང་བ་དང་། འགྲིམ་འགྲུལ་སྟབས་བདེ་བ། ཐོན་སྐྱེད་འཕེལ་རྒྱས་འགྲོ་སླ་བ། མང་ཚོགས་ཀྱི་བསམ་བློ་ཐོག་མའི་སྲིད་གཞུང་གིས་“སྐུལ་སློང་གིས་སྤོར་བ་”ནས“འགྲན་རྩོད་ཀྱིས་སྤོར་བའི་”སྣང་ཚུལ་བཟང་པོ་ཆགས་ཡོད།

ཁྱད་ལྡན་ཐོན་ལས་འཕེལ་རྒྱས་སུ་ཕྱིན་ནས། མ་རྩ་དང་ཡོང་སྒོ་ཇེ་མང་དུ་འགྲོ་བའི་“ཕྱུག་འགྱུར”གྱི་ལམ་བུ་བཏོད་ཡོད། རྫོང་གི་མངའ་ཁོངས་ཀྱི་དགེ་མཚན་ལ་གཞིགས་ནས་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་འཆར་གཞི་ལག་བསྟར་དང་། ཤ་མོའི་རིགས་དང་ཕྱུགས་ལས། བོད་རྒྱའི་རྩྭ་སྨན། སྐྱེ་ཁམས་འདེབས་གསོ་སོགས་ཁྱད་ལྡན་ཐོན་ལས་རྩ་འཛུགས་བྱས་ནས་ཁེ་ལས་ཀྱིས་འབྲོག་ཁྱིམ་དང་། ཏང་ཡོན་གྱིས་མང་ཚོགས་སྣེ་ཁྲིད་བྱས། རྣམ་པ་གསར་བའི་ཁེ་ལས་གཙོ་གཉེར་སོགས་ཀྱིས་དབུལ་ཐར་འགག་སྒྲོལ་ལ་རམ་འདེགས་བྱས།  “གནས་སྤོར།+ཐོན་ལས།གནས་སྤོར།+ངལ་རྩོལ།  གནས་སྤོར།+ཆེད་གཉེར།”སོགས་ཀྱི་རྣམ་པས་ཐོན་དབང་མ་རྐང་འཇོག་པ། ལས་ཞུགས་བརྗེ་སྤོར། ཚོང་གཉེར། སྤྱི་ཕན་རང་བཞིན་གྱི་ལས་གནས་སོགས་གྱི་རོགས་སྐྱོར་གྱི་བྱེད་ཐབས་བཀོལ་ནས། ཁྱིམ་ཚང་རེ་རེ་ཡོང་འབབ་ཇེ་མང་དུ་གཏོང་བའི་ཕྱུག་འགྱུར་གྱི་ལས་གཞི་༡ཡན་ལ་ཞུགས་ཟིན། 

ཐོན་དབང་མ་རྐང་སོགས་ཀྱི་ཐབས་ལམ་བརྒྱུད་ནས་དབུལ་ཁྱིམ་༣༨༠༣ལ་སྣེ་ཁྲིད་དེ་ལོ་རེའི་ཆ་སྙོམས་ཡོང་སྒོ་སྒོར་༢༤༩  ཚོང་གཉེར་གྱི་ལམ་ནས་རང་བརྟེན་གསར་གཏོད་ཀྱི་ཁྱིམ་ཚང་༦༡  ལོ་རེའི་ཆ་སྙོམས་ཡོང་སྒོ་སྒོར་༣༧༧༥   སྐྱེ་ཁམས་སྤྱི་ཕན་རང་བཞིན་གྱི་ལས་གནས་སུ་བཀོད་སྒྲིག་བྱས་པ་མི༣༠༡༦ ལོ་རེའི་ཆ་སྙོམས་ཡོང་སྒོ་སྒོར་ཁྲི་༢.༡༦ལ་སླེབས། དབུལ་ཕོངས་མང་ཚོགས་ཀྱི་ངལ་རྩོལ་ལག་རྩལ་གསབ་སྦྱོང་ལ་ཤུགས་བསྣན་ནས་ཁྱིམ་ཚང་རེ་རེ་ནས་ལག་རྩལ་༡ནས༢་བཀོལ་སྤྱོད་ཐུབ་པ། ཁྱིམ་ཚང་རེ་ན་ལག་རྩལ་ཤེས་པའི་མི་༡རེ་ཡོད་པའི་ཁག་ཐེག་བྱས།

གླིང་ཁུལ་དཔལ་འབྱོར་འཕེལ་རྒྱས་དང་གོ་ཆོད་ནུས་ལྡན་གྱི“སྣུམ་སྣོན་ས་ཚིགས”འཛུགས་བསྐྲུན་བྱས། མ་དངུལ་ཐོན་ལས་ཀྱི་རྗེས་སུ་འབྲངས་བ། ཐོན་ལས་དབུལ་ཁྱིམ་གྱི་རྗེས་སུ་འབྲངས་བ། འཇོན་མི་ཁེ་ལས་ཀྱི་རྗེས་སུ་འབྲངས་བ། ཁེ་ལས་ཚོང་རའི་རྗེས་སུ་འབྲངས་བ་བཅས་ཀྱི་“འཁོར་བསྐྱོད་ལྔའི”རྩ་དོན་རྒྱུན་འཁྱོངས་བྱས། ཞིང་ཆེན་རིམ་པའི་གནད་ཁེལ་དབུལ་སྐྱོར་ཐོན་ལས་གླིང་འཕེལ་རྒྱས་སུ་བཏང་ནས། “ཁེ་ལས།+མཉམ་ལས་ཁང་།+དབུལ་ཁྱིམ།”གྱི་ཐོན་ལས་རང་བཞིན་ཅན་གྱི་ཚོང་གཉེར་རྣམ་པ་ལག་བསྟར་གྱིས་ཁོར་ཡུག་ལེགས་བཅོས་་དང་ཐོན་ལས་འཕེལ་རྒྱས། འབྲོག་པའི་ཡོང་སྒོ་འཕར་སྣོན་ཟུང་འབྲེལ་གྱི་ལམ་བུ་གསར་བ་ཞིག་འཚོལ་ཞིབ་བྱས། གནས་སྤོར་དབུལ་ཁྱིམ་༧༥༠ལ་རོགས་རམ་བྱས་ནས་ཁོ་ཚོའི་ལོ་རེའི་ཆ་སྙོམས་ཡོང་སྒོ་སྒོར་༡༠༩༠ལ་སླེབས། སྐྱེ་ཁམས་ཕྱུགས་ལས་ཐོན་ལས་འཕེལ་རྒྱས་སུ་བཏང་ནས་ཁྱད་ལྡན་གསོ་སྤེལ་གླིང་དང་དབུལ་ཁྱིམ་མཉམ་འབྲེལ་གྱིས་ལས་སྣོན་གླིང་བཙུགས་ཏེ། དགེ་སྐྱོན་ཟུང་འབྲེལ་མངོན་འགྱུར་དང་ནུས་ལྡན་གྱིས་ཉེན་ཁའི་ཚད་ཆེས་ཆུང་སར་ཕབ་ནས་ཡོང་སྒོ་ཕོན་ཆེན་འཕར་བར་སྐུལ་འདེད་བཏང་།

ཧུར་ཐག་གིས་གསར་གཏོད་སྒྲིག་གཞི་འཚོལ་ཞིབ་ཀྱིས“དཔེ་རྣམ་གསར་བ”ཡོངས་སུ་ཁྱབ་གདལ་དུ་བཏང་། ཚོང་ར་གཉེར་སྐྱོང་གི་གྲུབ་ཆ་གཙོ་བོ་དང་དབུལ་ཁྱིམ་ཁེ་ཕན་མཉམ་འབྲེལ་ཞན་པ་དང་དབུལ་ཕོངས་ཁྱིམ་ཚང་གི་དབུལ་ཐར་གནས་ཚུལ་བརྟན་པོ་མིན་པའི་གནད་དོན་ལ་དམིགས་ནས། དབུལ་སྐྱོར་མ་དངུལ་བརྒྱུད་དེ་མ་རྐང་དུ་ཕབ་པའི་བྱེད་སྟངས་བཀོད་སྒྲིག་གང་ལེགས་སྒོས། གནས་སྤོར་ཁྱིམ་ཚང་ལ་ཕྱོགས་ཡོངས་ནས་སྐུལ་སློང་གིས་དབུལ་ཁྱིམ་གྱི་མ་རྐང་དུ་ཞུགས་པའི་ཞིང་འབྲོག་གི་ལས་སྣེ་འདྲེན་པའི་ཁེ་ལས་དང་། ཞིང་འབྲོག་མང་ཚོགས་ཀྱི་ཆེད་ལས་མཉམ་ལས་ཁང་སོགས་མ་རྐང་འཛིན་དབང་ཡོང་སྒོའི་དབུལ་སྐྱོར།  ཡུལ་སྐོར་ཡོང་སྒོའི་དབུལ་སྐྱོར་སོགས་སྣ་མང་རྒྱུ་ནོར་ཡོང་སྒོ་དབུལ་སྐྱོར་མ་དཔེ་ནུས་ལྡན་བྱེད་པར་སྐུལ་མ་དང་སྣེ་ཁྲིད་ཀྱིས་དབུལ་པོའི་ཡོང་སྒོ་འཕར་སྣོན་ཡོང་བར་བྱས། 

རྩྭ་ས་དང་ཕྱུགས་ཟོག་མ་རྐང་དུ་བཞག་ནས་ཐུན་མོང་གཅིག་གྱུར་ལས་གཉེར་དང་ངལ་རྩོལ་པས་རྩོལ་བསྟུན་ཐོབ་ལེན།  ཁེ་ཕན་མ་རྐང་གི་མང་ཉུང་ལྟར་བགོ་བཤའ་རྒྱག་པའི་མ་རྐང་མཉམ་འབྲེལ་རྩ་དོན་གྱི་ལས་གཉེར་དེ།   “སྦྲ་དཀར་དཔེ་རྣམ་”གྱི་རྣམ་པའི་ཐོག་ནས་སྐྱེ་ཁམས་ཕྱུགས་ལས་མཉམ་ལས་ཁང་དུ་མིག་དཔེ་སྟོན་པ་དང་། དཔེ་སྟོན་སྐུལ་ཁྲིད་ཀྱིས་ཕན་འབྲས་མངོན་གསལ་དོད་པོ་ལོན་པར་རྒྱལ་ཁབ་ཞིང་ལས་པུའུ་དང་ཞིང་ཆེན་ཏང་ཨུ། ཞིང་ཆེན་སྲིད་གཞུང་གི་ཆོག་མཆན་ཐོབ་ཡོད་པ་མ་ཟད་རྒྱ་ཁྱབ་ངང་ཁྱབ་གདལ་དུ་བཏང་ཡོད།                                  

                                                                                                    མཚོ་སྔོན་ཉིན་རེའི་ཚགས་པར་ལས་བསྒྱུར།