དབུལ་ཐར་འགག་སྒྲོལ་འགྱུར་མེད་དཔའ་གདེང་གིས། རྩེ་གཞུང་གནམ་ས་བླ་འོག་བསྒྱུར་ལ་ལྟོས།
2019.03.28 ཁུངས། ཀློག་གྲངས། 201

ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་བྱེད་པའི་རྒྱུགས་གཞི་ཆེན་པོ་སླེབས་ལ་ཉེ་བའི་དུས་འདིར།   དབུལ་ཐར་གྱི་རླབས་རྒྱུན་ཞིག་རྩེ་གཞུང་ཡུལ་ནས་འཕྱུར་བྱུང་། གསར་འགོད་པས་བཅར་འདྲི་བྱེད་སྐབས། རྩེ་ཁོག་རྫོང་ཨུའི་ཧྲུའུ་ཅི་ཀྲང་བུན་ཧྲིན་གྱིས་བཤད་རྒྱུར། རྩེ་ཁོག་རྫོང་ནི་རྒྱལ་ཁབ་ཀྱི་དབུལ་སྐྱོར་བྱ་བའི་འགོ་རྩོམ་སའི་གནད་སའི་རྫོང་དང་མཚོ་སྔོན་ཞིང་ཆེན་གྱི་གནད་སའི་དབུལ་སྐྱོར་རྫོང་ཁག་༡༥གྲས་ཤིག་ཡིན།  རྒྱ་མཚོའི་ངོས་ལས་ཆ་སྙོམས་མཐོ་ཚད་སྨི་༣༧༠༠སར་གནས། རང་བྱུང་གི་སྐྱེ་ཁམས་ཁོར་ཡུག་ཞན་པ་དང་ནམ་ཟླའི་འགྱུར་ལྡོག་སྐྱེན་པ།  ས་གནས་ཀྱི་དཔལ་འབྱོར་གྱི་རྨང་གཞི་ཞན་ལ་དབུལ་ཕོངས་ཀྱི་གཞི་རྒྱ་ཆེ། ཡིན་ན་ཡང་། དུས་ལྟར་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་བྱེད་པའི་བྱ་བའི་དམིགས་འབེན་བརྟན་པོ་དང་དབུལ་ཐར་བྱེད་པའི་བྱ་བའི་འགན་འཁྲི་ལྕི་བ   རང་བྱུང་གི་ཆ་རྐྱེན་ཧ་ཅང་ཞན་ནའང་བྱ་བའི་སྙིང་སྟོབས་ནམ་ཡང་འགྱུར་མི་སྲིད་ལ།   རྩེ་ཁོག་རྫོང་ཨུ་དང་རྫོང་སྲིད་གཞུང་གིས་རྫོང་མི་དམངས་ཡོངས་ལ་དབུལ་ཐར་བྱེད་པའི་འདུན་པ་དེ་དཀའ་སྡུག་གང་ལ་འཕྲད་ཅིང་འགོག་མི་ཐུབ་པའི་ཆོད་སེམས་བརྟན་པོ་ཡོད་པའི་དམ་བཅའ་བཞག

ད་ཆའི་རང་ཡུལ་གྱི་ལེགས་པའི་ཐོན་ཁུངས་དང་སྐྱེ་ཁམས་ཁོར་ཡུག་གི་བེད་སྤྱད་དེ། གཞི་རྒྱ་ཆེ་བའི་“སྦྲ་གུར་དཔེ་རྣམ་”གྱི་ཕྱུགས་ལས་སྐྱེ་ཁམས་ལས་རིགས་གསར་སྐྲུན་བྱས་ནས། ངལ་རྩོལ་ལ་བརྟེན་ནས་དབུལ་ཐར་བྱེད་པ་དགོས་པ་ལས། གཞན་བརྟེན་ཁོ་ནས་མི་འདུག་པར།ཕྱུགས་ལས་སྣ་མང་ཅན་དང་ཚོང་ལས་ཅན་དུ་འཕེལ་འགྱུར་བྱས་ནས་དུས་རབས་གསར་བའི་རྗེས་བསྙེགས་ཀྱིས་དཔར་འབྱོར་དར་སྤེལ་བྱེད་པའི་ལམ་བུར་ཞུགས་དགོས་པ་དེ་བསྟན།༢༠༡༧ལོ་ནས་ད་ལོའི་བར་རྩེ་ཁོག་རྫོང་གི་དབུལ་ཐར་ཁྱིམ་ཚང་༤༥༠༤དང་མི་གྲངས་༡༨༠༠༣་སླེབས། དབུལ་ཐར་གྱི་བསྡུར་ཚད་༢༠༡༥ལོའི་༢༧.༦༥%ནས་༣.༩༣%ལ་བབས།ད་ལོར་ལྷག་ལུས་ཀྱི་ཁྱིམ་ཚང་༧༡༩དང་མི་གྲངས་༢༥༤༢་དེ་དབུལ་ཐར་ལེགས་འགྲུབ་བྱས་ནས། མཇུག་མཐའི་དབུལ་ཕོངས་སྡེ་བ་༩་དེ་དབུལ་ཐར་བྱེད་པའི་བྱ་བའི་ལས་གཞི་སྤེལ། རྩེ་ཁོག་རྫོང་རིམ་པ་སོ་སོའི་སྲིད་གཞུང་བྱ་བའི་འགན་ཁུར་གྱི་འབྲས་བུ་དེ་མི་དམངས་ཀྱི་བདེ་སྐྱིད་དང་བྱ་བའི་གྲུབ་འབྲས་ཀྱི་དགའ་བའི་འཛུམ་ཞལ་ལས་ཚོར་ཐུབ།

                                         སྐྱེ་ལྡན་སྐྱེ་ཁམས་ཕྱུག་ལས་ལས་རིགས། 

                                         མ་རྐང་དང་ཁེ་ཕན་མཉམ་ཐོབ་ཡིན།

ལོ་མང་པོའི་སྔོན་དུ། རྩེ་གཞུང་རྩྭ་ཐང་སྐྱེ་ཁམས་ཁོར་ཡུག་ལ་ཉེན་བརྡ་བཏང་བ་ནས། ཕྱུགས་རིགས་འཚོ་གནས་ཚད་བསྟུད་མར་མར་ཆགས་ནས་འདིར་འཚོ་བའི་འབྲོག་པ་མི་དམངས་ཀྱིས་སྲོལ་རྒྱུན་གྱི་ཕྱུགས་རིགས་འཚོ་སྟངས་ལ་བསམ་བློ་མི་གཏོང་ཀ་མེད་བྱུང་། རྩེ་ཁོག་རྫོང་གི་བཀོལ་སྤྱོད་ཐུབ་པའི་རྩྭ་སའི་རྒྱ་ཁྱོན་རྨིད་གྲུ་བཞི་མ་ཁྲི་༦༡.༩དང་། མི་རེའི་ཆ་སྙོམས་ཀྱི་རྩྭ་སའི་རྒྱ་ཁྱོན་གྱི་ཐོབ་ཚད་རྨིད་གྲུ་བཞི་མ་༨ལ་འང་མི་འདང་། ང་ཚོས་ལོ་ངོ་༡༠་དང་དེ་ལས་སྔ་བའི་སྔོན་ལ་ཕྱིར་འདང་རེ་བརྒྱབ་ན། སྲོལ་རྒྱུན་གྱི་ཕྱུགས་རིགས་སྐྱོང་སྟངས་ཀྱི་ལྟ་བ་དེ་མི་རྣམས་ཀྱི་རུས་པའི་རྐང་ལ་འཐིམས་ཡོད། ནོར་ལུག་གི་ཁ་གྲངས་དེ་འབྲོག་པ་མང་ཚོགས་ཀྱི་འཚོ་བའི་དཔལ་འབྱོར་གྱི་དབུལ་ཕྱུག་གི་ཚད་ཐིག་གཅིག་པུ་ཡིན། ལྷག་པར་དུ་རྩྭ་ཐང་གི་བདག་དབང་དེ་ཁྱིམ་ཚང་ལ་བགོས་པ་ནས་བཟུང་། རྩྭ་ཆུའི་བཟང་ངན་ལ་བརྟེན་ནས་གནས་སྤོར་བྱེད་པའི་འབྲོག་པའི་འཚོ་བ་དེ་མཇུག་སྒྲིལ་ལ། དེ་ལས་འཚོ་བཅུད་སླར་གསོ་བྱེད་པའི་དུས་མེད་པའི་རྩྭ་ཐང་གིས་འབྲོག་པའི་འཚོ་བ་རྒྱུན་མཐུད་བྱེད་པའི་རེ་བ་སྐོང་དཀའ་བར་གྱུར་ལ། དེ་དང་བསྟུན་ནས་རྩྭ་ཐང་གི་སྐྱེ་ཁམས་ཁོར་ཡུག་ཡང་ཇེ་ཞན་དུ་གྱུར།

འདི་འདྲའི་དཀའ་ངལ་ལ་འཕྲད་དུས། རྩེ་གཞུང་རྩྭ་ཐང་གི་འབྲོག་པ་མང་ཚོགས་ཀྱིས་ཀྱང་ཐོན་སྐྱེད་དཔེ་རྣམ་གསར་པ་ཞིག་སྐྲུན་རྒྱུ་ནི་དཀའ་ངལ་ལས་གྲོལ་བའི་ཐབས་ལམ་ཉག་གཅིག་ཡིན་པའི་ཐོག་མའི་འདུ་ཤེས་འབྱུང་ལ། སྲོལ་རྒྱུན་གྱི་ཕྱུགས་རིགས་འཚོ་སྟངས་ལེགས་བཅོས་བྱེད་པ་བདེ་བླག་ངང་འགྲུབ་པའི་རེ་བ་ཡོད་པ་མ་ཟད། དེང་རབས་དང་འཚམ་པའི་སྐྱེ་ལྡན་ཕྱུགས་རིགས་དཔལ་འབྱོར་འཕེལ་རྒྱས་ཀྱི་འཕོ་འགྱུར་ཞིག་ཀྱང་རེད།

༢༠༡༡ལོའི་ལོ་མགོར། ཞིང་ཆེན་ཡོངས་ཀྱི་འབྲོག་ཁུལ་དུ་སྐྱེ་ཁམས་ཕྱུགས་རིགས་ཆེད་ལས་ཀྱི་མཉམ་ལས་ཁང་སྐྲུན་མགོ་ཚུགས་ལ། རྩེ་གཞུང་རྩྭ་ཐང་གི་སྦྲ་གུར་འབྲོག་མི་གོམ་པ་དང་པོ་སྤོ་མཁན་དུ་གྱུར། སྲིད་གཞུང་གི་རོགས་སྐྱོར་དང་མཛུབ་སྟོན་འོག་སྦྲ་གུར་སྐྱེ་ལྡན་ཕྱུགས་རིགས་ཆེད་ལས་མཉམ་ལས་ཁང་འཛུགས་སྐྲུན་བྱ་བ་ལེགས་འགྲུབ་བྱུང་ནས་རྩྭ་ས་དང་ངལ་རྩོལ་ལས་ཤུགས་ཀྱི་གནད་དོན་ལ་བཅིངས་འགྲོལ་ཐོབ་པ་མ་ཟད། ༢༠༡༥ལོའི་ཡོང་འབབ་སྒོར་ཁྲི་༡༥ལ་སླེབས། རྣམ་འབྱེད་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་སྐྱེ་ཁམས་ཁེ་ཕན་མཉམ་ཐོབ་ཀྱི་རྣམ་པ་བསྐྲུན།

ད་ལྟ་“སྦྲ་གུར་དཔེ་རྣམ་”གྱི་རྣམ་པ་ཕྱོགས་ཡོངས་ནས་འཕེལ་རྒྱས་བྱུང་ནས།“སྦྲ་གུར་དཔེ་རྣམ༢.༠སྐྲུན།”

དཔྱིད་ཟླ་གསུམ་པའི་རྩེ་ཆུའི་འགྲམ་རྒྱུད་དུ་མཚར་སྡུག་རྣམ་པར་བཀྲ་ལ། གནས་ཡུལ་རྫོང་མཁར་ཤར་ཁུལ་གྱི་དུང་དཀར་སྐྱེ་ཁམས་ཕྱུགས་ལས་ཆེད་ལས་མཉམ་ལས་ཁང་དེ་རུ་གནས་ཡོད། དེར་ཡོད་ཀྱི་ཕྱུགས་ཟོག་གིས་ཤ་ཤེད་རྒྱས་ངོམ་བཞིན་ཚེ་སྲོག་གི་གསོན་ཤུགས་རྒྱས་པའི་རྣམ་པས་ཁེངས་འདུག

ང་ཚོས་དབྱར་ཁར་རྩྭ་ཐང་དུ་ཕྱུགས་ཟོག་འཚོ་སྐྱོང་དང་དགུན་དུས་གསོ་ཁང་དུ་གཟན་རྩྭ་སྟེར་བཞིན་ཡོད་ལ། དེ་ནི་རྩྭ་ས་སླར་གསོ་བྱེད་པར་ཕན། དེ་བས་སྐྱེ་ལྡན་སྐྱེ་ཁམས་ཕྱུགས་ལས་ཆེད་ལས་མཉམ་ལས་ཁང་དེ་ཡང་དག་གི་ལམ་བུ་ཞིག་ཡིན་པ་ར་སྤྲོད་བྱས་ཡོད། མཉམ་ལས་ཁང་གི་རྐང་འཛིན་གསོ་སྐྱོང་བ་ལྷ་བརྟན་རྒྱལ་ནི་སྐབས་འདིར་ཆེས་བྲེལ་འཚབ་ཆེ་བའི་དུས་དེ་ཡིན།

༢༠༡༡ལོ་ནས་བཟུང་། སྡེ་བའི་ནང་དུ་མཉམ་ལས་ཁང་བཙུགས་ལ། ལྷ་བརྟན་རྒྱལ་གྱིས་རང་ཁྱིམ་གྱི་རྩྭ་ས་རྨིད་གྲུ་བཞི་མ་༣༣ཡོད་པ་དེ་དང་ནོར་ལུག་ཉུང་ཙམ་ཡོད་པ་དེ་ཡང་མ་རྐང་དུ་བཏང་ལ། ༢༠༡༦ལོར། ལྷ་བརྟན་རྒྱལ་ཕ་བུ་གཉིས་མཉམ་ལས་ཁང་གི་གསོ་སྐྱོང་བར་བླངས་བ་དང་ཁོའི་བཟའ་ཟླ་མཚོ་མོ་འོ་བཞོ་བར་བླངས། ན་ནིང་ལོར་མ་རྐང་གཏོང་མཁན་གྱི་མི་དམངས་ཀྱི་ཡོང་འབབ་བགོ་བྱ་དང་ཁོང་བཟའ་མི་གསུམ་གྱི་ལས་གླ། ད་དུང་གཞན་པའི་ཡོང་སྒོ་སོགས་ཁོ་ཚང་གི་ལོ་ཧྲིལ་བོའི་ཡོང་སྒོ་སྒོར་ཁྲི་༤ལྷག་ལ་སླེབས།

                                             ཡུལ་གཞན་གནས་སྤོར་དབུལ་སྐྱོར།

                                            དབུལ་གནས་བསྐྱུར་ནས་ཕྱུག་ལམ་འཚོལ་བ།

“ཡུལ་ཁམས་གཅིག་གི་ས་ཆུས་ཡུལ་ཁམས་དེའི་མི་རྣམས་གསོ་ཐབས་བྲལ་དུས”གནས་སྤོར་དབུལ་ཐར་བྱེད་པ་ནི་ཐབས་ལམ་ཡག་ཤོས་དེ་རེད།  “ལྔ་སྲུང་”ནི་དབུལ་སྐྱོར་གྱི་ཐབས་ལམ་ལས་དབུལ་ཐར་འགག་སྒྲོལ་གྱི་རྩེར་སོན་ཞིག་ཡིན། རྩེར་སོན་དབུལ་སྐྱོར་བྱ་བའི་ལས་གཞི་ཚུགས་པ་ནས་རྩེ་ཁོག་རྫོང་གིས་སྡེ་གསར་༣༨དང་དབུལ་སྤོར་ཁྱིམ་ཚང་༣༩༩༩དང་མི་གྲངས་༡༥༢༠༠་ལ་སླེབས། དེས་རྫོང་ཡོངས་ཀྱི་དབུལ་ཁྱིམ་གྱི་༧༦% དངདབུལ་ཁྱིམ་མི་གྲངས་ཀྱི་༧༧.༥%ཟིན། དེ་རྫོང་མཁར་གྱི་ཤར་ཁུལ་དུ་བོད་ལུགས་ཀྱི་འཛུགས་སྐྲུན་རྣམ་པའི་སྒོ་ནས་ཁྱིམ་ཚང་༧༡༣འདུས་སྡོད་བྱས་ལ། འགྲིམ་འགྲུལ་ཕྱོགས་བཞི་མཚམས་བརྒྱད་དང་རིག་གནས་ཐང་ཆེན། བྱིས་སྐྱོང་ཁང་། ཁོར་སྲུང་སྒྲིག་གཞི། ཆུ། གློག  དྲྭ་རྒྱ། སྤྱོད་ཁང་སོགས་ཆ་ཚང་བར་བསྐྲུན་ཡོད།

ལོ་སྔོན་ཟླ་༡༠བར། མཁར་ལུང་སྡེ་བའི་གཞི་རྩའི་འཛུགས་སྐྲུན་ལེགས་འགྲུབ་བྱུང་ནས་དབུལ་ཁྱིམ་༨༠སྡེ་གསར་དུ་གནས་སྤོར་བྱས་ནས་གན་སྤོར་འབྲོག་མི་ནས་གྲོང་རྡལ་སྡོད་དམངས་སུ་གྱུར། སྒོ་རྟགས་༡༠༦པའི་བ་བྷེ་ཚང་ལ་སོང་དུས། གཟའ་ཟླ་གཉིས་ཀྱིས་འཚེམ་བཟོ་བྱས་ནས་འཚོ་བ་རོལ་བར་འདུག་ལ། གཞན་ཁོ་རང་རྩྭ་སྲུང་བར་བསྡན་པའི་ལས་གླ་དང་རྒྱལ་ཁབ་ཀྱི་དབུལ་སྐྱོར་རྣམ་གྲངས་སྣ་ཚོགས་ཀྱི་སྲིད་ཇུས་ལ་བརྟེན་ནས་འཚོ་བ་ཇེ་རྒྱས་ཇེ་ལེགས་སུ་འགྲོ་བཞིན་འདུག

གནས་སྤོར་གྱི་བྱ་བས་འབྲོག་པ་མང་ཚོགས་ཀྱི་འཚོ་བ་ཇེ་ལེགས་དང་བརྟན་འཇགས། ཕྱུག་འགྱུར། སྐྱེ་ལྡན་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ། ལག་རྩལ་གསབ་སྦྱོང་གི་ལས་ཞུགས་བྱ་བས་གནས་སྤོར་དབུལ་ཁྱིམ་དག་གི་ཐོན་སྐྱེད་བྱ་བའི་འཕེལ་རྒྱས་ཀྱི་གནད་དོན་དང་འབྲོག་པ་རྒྱབ་ཕྱོགས་ཀྱི་སེམས་ཁྲལ་མེད་པར་བྱས་ཡོད།

རྩེ་ཁོག་རྫོང་གི་དབུལ་སྐྱོར་གསར་སྤེལ་བྱ་བའི་སྤྱི་སྡོམ་ལྟར་ན། གནས་སྤོར་བྱས་པའི་ལོ་དེར། སྤྱི་ཕན་རང་བཞིན་གྱི་ལས་གནས་བཀོལ་སྒྲིག་ལ་བརྟེན་ནས་དབུལ་སྐྱོར་རྣམ་གྲངས་ཀྱི་མ་དངུལ་དང་མཉམ་ལས་ཁང་གི་ཁེ་ཕན། ལས་ཞུགས་སྤོ་བསྒྱུར། དུས་ཡུན་ཐུང་ངུའི་ལག་རྩལ་གསབ་སྦྱོང་། རྩྭ་སའི་ཁ་གསབ་མ་དངུལ་སོགས་ཁྱིམ་ཚང་རེའི་ཆ་སྙོམས་ཁེ་ཕན་ཐོབ་ཚད་སྒོར་ཁྲི་༢.༧༨དང་མི་རེའི་ཆ་སྙོམས་ཁེ་ཕན་ཐོབ་ཚད་སྒོར་༧༥༩༡ལ་སླེབས།

སྡེ་བའི་ཐུན་མོང་དཔལ་འབྱོར།

དབུལ་ཐར“ཕྱོགས་གཉིས་ཀྱི་སྒུལ་ཤུགས”ལ་བརྟེན་པ་དང་།  ཕྱུག་འགྱུར་“སྒུལ་ཤུགས་ཀྱི་ཐོན་ཁུངས་”ཡོད་དགོས།

གལ་ཏེ་སྦྲ་དཀར་དཔེ་རྣམ་ནི་རྩེ་ཁོག་རྫོང་གི་ཕྱུགས་ལས་ལས་རིགས་ཕྱོགས་ཡོངས་ནས་འཕེལ་རྒྱས་རང་བཞིན་དང་ཚོང་རའི་རང་བཞིན་ཅན་དུ་འཕེལ་རྒྱས་སུ་འགྲོ་བའི་ལམ་བུ་གསར་བ་དེ་ཡིན་ན། དཔལ་འབྱོར་མཉམ་སྡེབ་ནི་ཕྱུག་འགྱུར་གྱི་“སྒུལ་ཤུགས་”གཉིས་པ་དེ་རེད།

རྩེ་གཞུང་རྩྭ་ཐང་དུ་སྡེ་བའི་ཏང་ཀྲི་པུའུ་ཡི་སྣེ་ཁྲིད་འོག   དཔལ་འབྱོར་མཉམ་སྡེབ་ཀྱི་བྱ་བ་སྤེལ་ནས་ལས་གཞི་སྒྲུབ་པ་དེ་མཚོ་སྔོན་ལྷོ་ཕྱོགས་ཀྱི་འབྲོག་ཁུལ་ས་ཆའི་དབུལ་ཕོངས་ཀྱི་ཞྭ་མོ་འཕུད་པའི་རྩ་བའི་སྒུལ་ཤུགས་གསར་བ་དེ་ཡིན།

འཕེལ་རྒྱས་ནི་སྐྱེ་ལྡན་སྐྱེ་ཁམས་ཕྱུགས་ལས་ཐོན་ལས་ཀྱི་མཉམ་ལས་ཁང་གི་རྟེན་ས་བྱས་ནས། རྩེ་ཁོག་རྫོང་ཡོངས་ཀྱི་སྟོབས་ཤུགས་ཀྱིས་རྫོང་འདིའི་གློག་གི་ས་ཚིགས་དང་མ་རྐང་བཞག་ནས་ཁེ་ལས་ཀྱི་ཁེ་ཕན་དང་པོ་ལེན་པ།  བཀོལ་ཆོག་ཐོན་ཁུངས་ལེགས་སྒྲིག  ཁེ་གཉེར་རྒྱུ་ནོར་ལེགས་སྤྱོད་ཀྱི་རྣམ་གྲངས་ལས་ལོ་གཉིས་ཀྱི་རིང་། རྩེ་ཁོག་རྫོང་གིས་“སྡེ་གཅིག་ཇུས་མང་།”ཕན་ཚུན་ཁ་གསབ་སོགས་བྱེད་ཐབས་སྣ་མང་གི་སྒོ་ནས་“དབུལ་གཏོར་”གྱི་བྱ་བ་ཕྱོགས་ཡོངས་ནས་སྤེལ་ཏེ་སྡེ་བ་རིམ་པའི་ཐོན་ལས་དག་རེ་རེ་བཞིན་ཡར་རྒྱས་སུ་བཏང་།

འབྲེལ་ཡོད་སྡེ་ཁག་གིས་སྤྱི་སྡོམ་བྱས་པ་ལྟར་ན། མིག་སྔར་རང་རྫོང་གི་སྲིད་འཛིན་སྡེ་བ་༤༡གིས་མཉམ་སྡེབ་དཔལ་འབྱོར་མངོན་འགྱུར་བྱུང་ནས་“དབུལ་གཏོར་”གྱི་བྱ་བ་ལེགས་འགྲུབ་བྱུང་ནས། ལོ་འདིར་ད་དུང་སྡེ་བ་༡༥“དབུལ་གཏོར་”བྱུང་བར་བརྩོན་པ་དང་། “དབུལ་གཏོར་”གྱི་བྱ་བ་དེ་ཡང་༢༠༢༠བར་དུ་རྒྱུན་མཐུད་བྱེད་པའི་ལས་ཀའི་འཆར་གཞི་བཟོས།

“མཐོ་སྒང་གི་རྡོ་བརྐོའི་སྡེ་བ་དང་པོར”འབོད་པའི་ཧོར་གྲོང་རྡལ་ཧོར་སྡེ་བར་གཙང་གསུམ་མགོ་ཁོངས་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་འཛུགས་སྐྲུན་ལས་གཞིའི་ལྟེ་བའི་རྣམ་གྲངས་སུ་ཚུད་པའི་ཁྱིམ་ཚང་༡༠༠དང་མི་གྲངས་༤༥༠ཡོད་པ་དེ་ཐུན་མོང་གིས་གྲོང་རྡལ་གྱི་སྲིད་གཞུང་ཡོད་སའི་ཉེ་འདབས་སུ་བཀོད་སྒྲིག་བྱས་ཡོད།

ལོ་མང་པོའི་རིང་སྲིད་གཞུང་གི་རྒྱབ་སྐྱོར་དང་མང་ཚོགས་ཀྱི་འབད་བརྩོན་ལ་བརྟེན་ནས་རྡོ་བརྐོས་ཀྱི་ཐོན་ལས་དེ་དར་སྤེལ་བཏང་ནས།  ད་སྐབས། “མཐོ་སྒང་གི་རྡོ་བརྐོའི་སྡེ་བ་དང་པོ་”ཞེས་པའི་མཚན་སྙན་ཡང་ཐོབ་ཡོད།

ཧོར་སྡེ་བའི་རྡོ་བརྐོས་འགྲེམ་སྟོན་ཁང་དུ་སོང་ཚེ། རྡོ་བརྐོས་ལག་རྩལ་པའི་བློ་གྲོས་དང་འཇོན་ཐང་ལས་ཐོན་པའི་ལྷ་སྐུ་སྣ་ཚོགས་དང་ཡི་གེ་སྣ་ཚོགས། བོད་མི་རིགས་ཀྱི་ཡུལ་སྲོལ་གོམས་གཤིས་མཚོན་པའི་སྦྲ་དང་འོ་ཟོ། ཆུ་ལེན་བུ་མོ། མ་ཎི། གཡག  རྟ། ལག་འཁོར། སྣག་བུམ། ཐག་ཁྲི་སོགས་གསོན་ཉམས་ལྡན་པར་འདུག 

སྡེ་བ་འདིའི་ཕོ་མོ་རྒན་གཞོན་ལས་ཕལ་ཆེར་རྡོ་བརྐོས་མི་བྱེད་པ་མེད་ལ། བུད་མེད་རྣམས་ལས་ཀྱང་གཟུང་དང་ཐོ་བ་ཆུང་ཆུང་དེ་ལ་བརྟེན་ནས་སྐར་མ་བཅུ་ལྷག་གི་ནང་ཆོས་ཀྱི་གང་བའི་རྡོ་ལེབ་རེ་རྐོ་ཐུབ། 

ཧོར་སྡེ་བར་དཔལ་འབྱོར་མཉམ་སྡེབ་ཀྱི་བྱ་བས་“དབུལ་གཏོར་”བྱེད་པའི་རྣམ་པ་མངོན་འགྱུར་བྱས་ཡོད་ལ། ཉེ་བའི་ལོ་འགའི་རིང་སྲིད་གཞུང་གི་རྒྱབ་སྐྱོར་དང་སྣེ་ཁྲིད་འོག   ཧོར་སྡེ་བ་དང་གཅན་ཚའི་ཁམས་རའི་ཡུལ་སྐོར་ལྗོངས་ཁུལ་གྱིས་གྲོས་མཐུན་བྱུང་ནས། ༼བཀའ་འགྱུར།༽དང་༼བསྟན་འགྱུར།༽རྡོ་བརྐོས་ཀྱི་གན་རྒྱ་བཞག་ནས་སྡེ་བར་ཡོང་སྒོ་ཁྲི་བརྒྱ་བསྡུ་ཐུབ་བྱུང་།

སྣང་མེད་དུ་ཁྱིམ་ཚང་ཞིག་གི་རྒྱ་སྒོར་འཛུལ་ན། དེ་རུ་རྡོ་རྐོ་བས་རྡོ་རྐོ་བཞིན་པ་མཐོང་ཐུབ། ང་ཚོ་ཚེ་གནམ་ཚང་གི་སྒོ་ཁ་བརྒྱུད་དུས་རྣ་ལམ་དུ་རྡོ་རྐོ་བཞིན་པའི་ཐག་སྒྲ་དེ་གྲག་འོང་ལ། ཁྱིམ་དུ་འཛུལ་ཚེ་ཚེ་གནམ་གྱི་བཟའ་ཟླ་ལྕགས་རྡོ་ཡིས་གཡའ་རྡོའི་སྟེང་ཆོས་དཔེ་རྐོ་བཞིན་འདུག། མོས་རྡོ་དེའི་ཐིག་ཕྲེང་གསུམ་པ་ན་བརྐོས་ནས་འགྲོ་བཞིན་ཡོད། དེ་ནི་མོས་དེ་རིང་སྔ་དྲོར་བརྐོས་པའི་རྡོ་ལེབ་༤་རེད། 

“གལ་ཏེ་ཁོམ་ལོང་གི་དུས་ཚོད་ཡོད་ཚད་རྡོ་བརྐོ་བའི་སྟེང་བཀོད་ན། ཉིན་༢༠ཡས་མས་སུ་སྒོར་༢༥༠༠ནས་༣༠༠༠གྱི་ཡོང་འབབ་བསྡུ་ཐུབ་འདུག་” ཟེར།  ཚེ་གནམ་གྱིས་དེ་ལྟར་བཤད་ཞོར་མུ་མཐུད་དུ་ཚར་མེད་པའི་རྡོ་ལེབ་སྟེང་རྐོ་བཞིན་ཡིད་ཚིམ་པའི་རྣམ་འགྱུར་བསྟན་འོང་ངོ་།

                                                                                                  མཚོ་སྔོན་ཉིན་རེའི་ཚགས་པར་ལས་བསྒྱུར།